logo
查看本期全部内容

༄༅། གྲོགས་པོའི་གཤིས་བཟང་གླེང་བའི་ཀ་རྩོམ།

རྡོ་རྗེ་ཐར་ལམ།

林芝报-藏文版&nbsp&nbsp2026-07-14

ཀྭ་ཡེ་གསན་དང་བརྩེ་ལྡན་སྙིང་གི་གྲོགས།།

ཁ་བའི་མདངས་སུ་གྲུབ་པའི་སེམས་གཤིས་ཅན།།

གངས་རི་ལྷུན་པོ་ལྟར་དུ་གནས་པའི་ཚུགས།།

ངག་འཇམ་གཤིས་བཟང་ལྷ་སྲས་སྙིང་གི་ནོར།།

ཅ་ནོར་རྒྱུ་རྫས་དག་ལ་ཆོག་ཤེས་དང་།།

ཆོ་མེད་དོན་མེད་ལས་ལ་མི་བརྩོན་པའི།།

ཇ་ཆང་ལ་སོགས་རྒྱུ་མའི་ཟས་ནོར་ལ།།

ཉ་ཆུ་བཞིན་དུ་ཞེན་པའི་སྣང་བ་བྲལ།།

གཏམ་འདོད་གྲགས་སྙན་ཕྱོགས་ལ་མི་འབད་ལ།།

ཐ་མར་ཀླ་ཀློའི་སྤྱོད་པར་མི་འཇུག་པའི།།

ད་ལྟ་ཁ་དོན་ལག་ལེན་རྒྱུ་འབྲས་སོགས།།

ནམ་ཡང་འབད་པའི་སྒྲུབས་པའི་ངོ་མཚར་ཅན།།

དཔལ་དང་འབྱོར་བའི་ཕྱོགས་ལ་མི་རྔམ་ལ།།

ཕ་མར་བཟའ་ཚང་སེམས་ཁྲལ་མི་བཟོ་བའི།།

བུ་ཕྲུག་བརྩེ་བའི་སྐྱོངས་བས་ལས་བཟང་ཅན།།

མི་ཕོ་ཁྱོད་ཀྱི་སྤྱོད་བཟང་སྨོན་པའི་ཡུལ།།

ཙན་དན་འདྲ་བའི་སྐུ་ལུས་འདོམས་གང་ལ།།

ཚུགས་ལྡན་ངན་སྤྱོད་སྤངས་པའི་ཡ་རབ་ཅན།།

མཛའ་མཐུན་གྲོགས་ལ་མི་བསླུ་སེམས་ཀྱི་གཤིས།།

ཝ་ལེར་བསམ་ནས་ཡིད་སྨོན་སྐྱེས་ནས་བྱུང་།།

ཞྭ་བཞིན་ཆེན་པོ་བསླུ་བའི་སྤྲེལ་ལད་མེད།།

ཟ་ཉལ་ལེ་ལོ་ཅན་གྱི་ངན་སྤྱོད་མེད།།

འུ་ཅག་མཐུན་པའི་གྲོགས་ལ་འདྲ་མཉམ་གྱིས།།

ཡ་རབ་བསམ་སྤྱོད་ལྡན་པ་ཁྱོད་ཀྱི་གཤིས།།

རང་དོན་སྐྱུར་ནས་གཞན་དོན་གཙིགས་སུ་འཛིན།།

ལས་བརྩོན་གཏོང་ཕོད་ཅན་གྱི་ཨ་མའི་བུ།།

ཤེས་རིག་སྦྱང་བརྩོན་ལས་ལ་འབད་འབུངས་ངང་།།

ས་མཐར་གང་སར་སྐོར་བའི་སྙིང་སྟོབས་ཅན།།

ཧ་ཅང་ཁྱོད་ཀྱི་ལས་དང་བྱ་སྤྱོད་སོགས།།

ཨ་རོགས་སྙིང་དུ་སྡུག་བྱུང་གྲོགས་པོ་ཀྱེ།།

查看本期全部内容