logo
查看本期全部内容

༄༅། དབྱར་གྱི་དྲན་ཤིང་།

གཡུ་ཆུང་།

林芝报-藏文版&nbsp&nbsp2026-07-14

དབྱར་གསུམ་མེ་ཏོག་གི་མཛེས་སྡུག །

ཡངས་པའི་སྤང་ཐང་དུ་བཞད་དུས། །

རྐང་དྲུག་གཡུ་སྦྲང་གི་གཞོན་ནུ། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

སྔོ་ལྗང་རྩེ་ཤིང་གི་ལང་ཚོ། །

ཟིལ་པའི་རོ་བཅུད་ཀྱིས་མྱོས་དུས། །

ཟམ་ཟིམ་སྨུག་ཆར་གྱི་བདུད་རྩི། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

ཤག་ཤག་ཆར་པ་ཡི་ཐིགས་པ། །

རི་ཀླུང་ཐང་གསུམ་ལ་བབས་དུས། །

གཡུ་འབྲུག་སྔོན་མོ་ཡི་སྐད་སྙན། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

ཚང་ཚིང་ལྗོན་པ་ཡི་ཚལ་དུ། །

འདབ་ཆཊ་གསུང་སྙན་དེ་སྒྲོག་དུས། །

སྙན་འཇེབས་འཇོལ་མོ་ཡི་གྲེ་འགྱུར། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

དྭངས་གཙང་ཆུ་མོ་ཡི་ཀློང་དུ། །

ལྡེམ་མྱུར་རྐྱལ་རྩལ་ལ་རོལ་བའི། །

མཛེས་ལྡན་གསེར་མིག་གི་ཉ་མོ། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

སྔོ་བསངས་མཁའ་དབྱིངས་ཀྱི་དབུས་སུ། །

བསིལ་རླུང་འཇམ་པོ་ཞིག་ལྡང་དུས། །

སྤྲིན་དཀར་མེ་ཏོག་གི་ཚོམ་བུ། །

དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

དབྱར་གཞུང་ལང་ཚོ་ཡི་མཛེས་པ། །

སྐྱེ་འགྲོའི་འདྲེན་བྱེད་ཀྱི་བདུད་རྩི། །

སྤྲོ་དགའི་ཡིད་སེམས་རང་འཁོར་ས། །

རེ་སྒུག་ལོ་ཟླ་བཅོལ་ཡོད།།

查看本期全部内容