logo
查看本期全部内容

༄༅། ལམ།

བན་ཤུལ་དཔལ་ལོ།

林芝报-藏文版&nbsp&nbsp2026-07-14

ལམ་ནི་མི་ཚེའི་རྒྱང་བཞུད་ཀྱི་སྐས་ཐེམ་དང་པོ་ཡིན། །

ལམ་ནི་ཕུགས་བསམ་འཚོལ་སྙེག་གི་གོམ་པ་སྤོ་ས་ཡིན། །

ལམ་ནི་ཀྱག་ཀྱོག་དང་ཚེར་མས་ཁེངས་པའི་དཀའ་སྡུག་གི་གོ་རིམ་དེ་ཡིན།།

ལམ་ནི་ཕར་འགྲོ་དུས་ཀྱི་ཚིགས་མལ་དང་། །

ལམ་ནི་ཚུར་འོང་དུས་ཀྱི་བསྟི་གནས་ཡིན། །

ལམ་ལ་ཆས་སྐབས་ངས་ཕ་མ་ལ་ཕྱི་མིག་ཤོར་སོང་། །

ལམ་ནས་ལོག་སྐབས་ངས་གྲོགས་པོ་ལ་བདེ་མོ་བཞག་སོང་། །

ལམ་ནི་འདི་ནས་རྒྱང་རིང་གི་གནམ་སའི་མཚམས་ལ་འཐེན་ཡོད། །

ང་རང་ལམ་དུ་ཆས་སྐབས་ཕ་མ་སྤུན་མཆེད་ཚོས་སྐྱེལ་མ་བྱས་བྱུང་། །

ལམ་ནི་རྡོག་སྣེ་རྒྱང་ལ་གཏད་སའི་མི་ཚེ་ཡི་བཤུལ་ལམ་ཡིན། །

འདི་ནས་ང་རང་ལངས་མ་འགྱེལ་གྱིས་འཚོ་བའི་ཕ་མཐར་བརྒལ་ཀྱིན་ཡོད།།

འདི་ནས་ང་རང་ངུ་མ་དགོད་ཀྱིས་སེམས་ཀྱི་ལོག་མལ་འཚོལ་བཞིན་ཡོད། །

ལམ་ལ་ཕ་མཐའ་མེད་པས་གོམ་མཚམས་འཇོག་ཐབས་མ་བྱུང་། །

ལམ་ནི་ཁ་ཐག་རིང་བས་ལུས་ལ་ངལ་དུབ་གནང་སོང་། །

ལམ་ན་ཕར་འགྲོ་ཚུར་ཡོང་གི་མགྲོན་པོས་ས་སྟེང་ཁེངས་ཡོད། །

ལམ་ན་མི་ཚོགས་ཁྲི་སྟོང་གི་འདུ་འགོད་སྤྲིན་བཞིན་འཁྲིགས་ཡོད། །

ལམ་གྱི་བཞི་མདོ་ན་རེ་བའི་རྒྱང་སྐྱོད་གླུ་སྒྲ་གསེང་མཐོར་གྲགས་ཡོད། །

ལམ་གྱི་གཡས་གཡོན་ན་འཚོ་བའི་རི་ཆུ་ནགས་གསུམ་ཐང་མར་བརྡལ་ཡོད། །

ལམ་ནི་མི་བུ་ཡོད་ཚད་ཅིས་ཀྱང་བརྒྱུད་དགོས་བའི་ལས་དབང་གི་གདམ་ག་ཡིན།།

ལམ་ནི་འཚོ་བའི་རིན་ཐང་མངོན་འགྱུར་བྱེད་སའི་ཚེ་སྲོག་གི་གར་སྟེགས་དེ་ཡིན།།

ལམ་གྱི་རིང་ཐུང་ནི་ཁྱོད་དང་ང་ཡི་དམ་བཅའི་རི་མོ་འབྲི་སའི་འཚོ་གནས་ཀྱི་བར་ཐག་དེ་ཡིན་ལ། །

ལམ་གྱི་རིམ་པ་ནི་ང་ཚོ་དཀའ་སྡུག་ལ་མོ་བརྒལ་བའི་མདུན་སྐྱོད་ཀྱི་རྡོག་སྒྲ་ཡིན།།

ལམ་གྱི་སྣེ་མོ་ནི་སྐྱེས་བུ་ཡོད་དོ་ཅོག་གིས་རྡོག་ཁྲེས་ས་ལ་ཕོག་སའི་རྒྱལ་ཁའི་བསྟི་གནས་དེ་ཡིན། །

ལམ་ནི་མི་ཚེ་འཇུག་ངོགས་ཀྱི་དགའ་སྐྱོའི་ཚངས་ཐིག་འབྲི་ས་ཡིན་ལ། །

ལམ་ནི་རྐང་རྗེས་ཐང་ལ་འཇོག་སའི་མི་ཡུལ་གྱི་སྐྱས་ལམ་རིང་མོ་དེ་ཡིན། །

ལམ་གྱི་མགོ་མཇུག་ནི་མདོར་དྲིལ་ན་མི་ཚེ་གཅིག་གི་འཚོ་བའི་སྐྱ་རིས་ཡིན་ལ།།

ལམ་གྱི་ཁ་ཞེང་ནི་དོན་ངོ་མས་དཀྱེལ་ཡངས་བའི་མི་སེམས་ཀྱི་བློ་རྒྱ་ཆེན་མོ་དེ་ཡིན་ནོ། །

查看本期全部内容