<div style='font-size: 22px!important;line-height: 34px!important;text-align: justify!important;color: #000!important'>ཀྲུང་གོ་བཟོ་ཚོང་དངུལ་ཁང་ཉིང་ཁྲི་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་དངུལ་ཁང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།</div><div style='font-size: 14px!important;line-height: 22px!important;text-align: left!important;color: #777!important;margin-top: 20px;'>林芝报-藏文版  2026-07-14</div><div><img id='paperImg' style='max-width: 100%;height: auto' src='https://img.founderfx.cn/epaper/202607/14/0f832281f2fe421da05b05e7c35facd7/2.jpg' alt='' class='page-img'/></div><p>འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་9ཉིན་གྱི་སྔ་དྲོ་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཉིང་ཁྲི་དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་དངུལ་ཁང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ཧྲི་ཀྲང་གཞོན་པ་ལི་ཡུའེ་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཡོད།སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་དུས་ཡུན་རིང་པོའི་ནང་བཟོ་ཚོང་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་བརྩེ་སེམས་ཉིང་ཁྲིར་བཅངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ་ཉིང་ཁྲིའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། དེ་བཞིན་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་ཡོད། བཟོ་ཚོང་དངུལ་ཁང་ཉིང་ཁྲི་དཔལ་འབྱོར་གསར་སྤེལ་ཁུལ་ཉིང་ལག་དངུལ་ཁང་གིས་ད་ཐེངས་ལས་གཉེར་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞི་ཚུགས་ཏེ་ཉིང་ཁྲིའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།རང་འགུལ་ངང་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུས་ནས་ས་མཐོའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་བོད་ཤར་ལྷོའི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་ཉིང་ཁྲིའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བཟོ་ཚོང་དངུལ་ཁང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།</p>