logo
查看本期全部内容

“ཉིང་ཁྲིར་གཟའ་མཇུག་གཏོང་བར་འགྲོ།”ལྷ་ཉིང་ལྕགས་ལམ་གཟའ་མཇུག་སྤྲོ་གསེང་ཡུལ་སྐོར་གྱི་རྡོག་ཐོན་མཛད་སྒོ་འཚོགས་པ།

林芝报-藏文版&nbsp&nbsp2026-07-14

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དབྱར་གསེང་རིང་གི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གོ་སྐབས་དམ་འཛིན་བྱས་ནས་གཟའ་མཇུག་གི་སྤྲོ་གསེང་དང་བསྟུན་ཏེ“རིག་གནས་ཡུལ་སྐོར་དང་ལྕགས་ལམ”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གཏིང་ཟབ་ཏུ་གཏོང་བ་དང་ཉིང་ཁྲིའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ནུས་པ་གསར་པ་འཕེལ་བ་བྱ་ཆེད། ཟླ་7ཚེས་10ཉིན་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཐུན་མོང་ཐོག་གཉེར་བའི“ཉིང་ཁྲིར་གཟའ་མཇུག་གཏོང་བར་འགྲོ”ལྷ་ཉིང་ལྕགས་ལམ་གཟའ་མཇུག་སྤྲོ་གསེང་ཡུལ་སྐོར་གྱི་རྡོག་ཐོན་མཛད་སྒོ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་མིག་དམར་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལི་ཡུའེ། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་བབས་ཚུགས་ཀྱི་ཀྲན་ཀྲང་གཞོན་པ་ཧོའུ་ཀྲན་ཡོན་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། མཛད་སྒོ་འཚོག་ཡུལ་དུ་གཙོ་རྒྱུན་སྨྱན་སྦྱོར་དང་། ཡུལ་སྐོར་བ། རྒྱ་ཆེའི་གྲོང་མི་བཅས་མི་ཚོགས་མང་པོ་གཅིག་ སྡུད་བྱས་ཏེ་ཉིང་ཁྲིའི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། ལྷ་ཉིང་ལྕགས་ལམ་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་ལྷ་ས་དང་ལྷོ་ཁ་སོགས་མཐའ་འཁོར་གྱི་ལྟེ་བའི་འགྲུལ་ཁུངས་ཁྲོམ་ར་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་ཉིང་ཁྲིའི་གཟའ་མཇུག་གི་སྤྲོ་གསེང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་ལི་ཡུའེ་ཡིས་ཤིས་ཚིག་སྒྲོན་ཞིང་། ཁོང་གིས་ལྷ་ཉིང་ལྕགས་ལམ་གྱིས་ལྷ་ས་ནས་ཉིང་ཁྲི་བར་སྦྲེལ་མཐུད་ཐུབ་ནས་ཆུ་ཚོད་3ལྷག་ཙམ་གྱི་སྟབས་བདེའི་མེ་འཁོར་དུ་གྱུར་ཏེ། “མེ་འཁོར་སྡད་ནས་ཉིང་ཁྲིར་ཡུལ་སྐོར་སྐྱོད་པ”དང“གྲོང་ཁྱེར་གཉིས་ཀྱི་འཚོ་བར་རོལ་བ”དེ་གཉིས་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ་བྱུང་ཡོད། འདི་ལོའི་དབྱར་གསེང་རིང་ཉིང་ཁྲིས་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཙམ་ལས་མེད་པའི་ཚ་གཡོལ་གྱི་རྫོགས་ལྡན་དུས་སྐབས་དམ་འཛིན་བྱས་ཏེ་མེ་འཁོར་སྡད་ནས“གཟའ་པ་སངས་ལ་ཉིང་ཁྲིར་བསྐྱོད་པ་དང་གཟའ་ཉི་མར་ཕྱིར་ལོག་པའི”དབྱར་ཁའི་གུང་གསེང་རིང་གི་ཡུལ་སྐོར་བྱེད་སྟངས་གསར་གཏོད་བྱས་པ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་གྱི་ཕན་འབྲས་ཆེ་རུ་བཏང་ནས་ཐག་ཐུང་ཡུལ་སྐོར་བ་ཉིང་ཁྲིར་སྤྲོ་གསེང་ཕྲན་བུ་བྱ་རྒྱུར་གནད་སྨིན་ཁྲིད་སྟོན་བྱས་ཏེ་ལྕགས་ལམ་བརྒྱུད་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས།

ད་ཐེངས་ཀྱི་རྡོག་ཐོན་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དེ་ཐོག་ནས་ཉིང་ཁྲིའི“ལྕགས་ལམ་+རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་ཚད་བརྒལ་གསར་པ་བྱུང་བ་དང་སྐས་རིམ་གསར་པར་སླེབས་པ་མཚོན་ཡོད་ལ། ཉིང་ཁྲི་གྲོང་ཁྱེར་གྱི་དབྱར་གསེང་དང་གཟའ་མཇུག་གི་སྤྲོ་གསེང་གཏོང་སྟངས་གསར་པ་ཞིག་གཏོད་པ་མཚོན་ཐུབ། ཉིང་ཁྲི་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཞབས་ཞུའི་སྦྲེལ་ཐག་རྒྱུན་མཐུད་ངང་སྣུར་སྲིང་བྱས་ཏེ་ཡུལ་སྐོར་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་ཡུལ་སྐོར་བས་ཉིང་ཁྲིའི་རིག་གནས་ཡུལ་སྐོར་གྱི་དྲོད་ཚད་དང་ཁྱད་ལྡན་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་རེད།

གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་+ལྕགས་ལམ”མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་མཐུད་ངང་ཟབ་ཏུ་བཏང་ནས་ལྷ་ཉིང་ལྕགས་ལམ་ལྟེ་བའི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་ཤོས་འདོན་པ་དང་། “ཉིང་ཁྲིར་གཟའ་མཇུག་གཏོང་བར་འགྲོ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཞིབ་ཚགས་དང་རྒྱུན་མཐུད་ངང་གཏོད་པ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བ་བཅས་བྱས་ཏེ་ཉིང་ཁྲིའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམ་རྒྱུ་རེད། སྐལ་བཟང་གཡུ་སྒྲོན་གྱིས་སྒྱུར།

查看本期全部内容