logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོ་ཐེངས་བཅུ་གསུམ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

林芝报-藏文版&nbsp&nbsp2026-07-14

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བྲག་ཡིབ་ཆུད་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་དང་ཆུད་རིམ་པ་གཉིས་ཀྱི“སྤྱོད་གཙང་བདུན་གྱི་འདུ་འགོད”ཀྱི་སྣེ་ཁྲིད་ཚན་པ་དང་འབྲེལ་ཡོད་འགན་འཁྲིའི་ཚན་པ་34སྒྲིག་འཛུགས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་ཉིན་མོ་ཐེངས་བཅུ་གསུམ་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ།སྒྲིག་ཨུད་ཀྱི་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཕིན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་བཀྲ་ཤིས།གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཆིན་སུང་མའོ།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལྷ་མོ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ་སོགས་ཀྱི་རྣམ་པ་བརྒྱུད་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྒྲིག་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ཡོད།དུས་གཅིག་ཏུ་སྤེལ་བའི་ཞབས་བྲོ་དང་རྐྱང་གཞས་སོགས་ལེ་ཚན་སྣ་མང་བཏོད་པའི་སྤྱོད་གཙང་རིག་རྩལ་འཁྲབ་སྟོན་གྱིས་ལས་བྱེད་པ་དང་མང་ཚོགས་ཀྱིས“སྤྱོད་གཙང་གི་ཉིང་ཁྲི”འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད།

ལས་བྱེད་པ་དང་མང་ཚོགས་ཚོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་ཤེས་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུར་སྔར་བས་ཁྲིད་སྟོན་བྱ་ཆེད།ས་གནས་ས་ཐོག་ཏུ“སྤྱོད་གཙང་གི”མཉམ་འགུལ་རོལ་རྩེད་ཁུལ་བཙུགས་ཏེ“སྒྲིག་ཁྲིམས་སེམས་ནང་འཇོག་པ་དང་། སྤྱོད་གཙང་གི་ཡི་གེ་འབྲི་བ”སོགས་སྤྲོ་སྣང་ལྡན་པའི་བྱེད་སྒོ་ཁག་6སྤེལ་ནས་འདི་ནང་ཞུགས་མཁན་ཚོས་བག་ཕེབས་ཀྱི་མཉམ་འགུལ་ཁྲོད་སྤྱོད་གཙང་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།

ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་8000ལྷག་ཙམ་སྤྲད་པ་དང་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པོ་སྒོ་ནས་ལས་བྱེད་མང་ཚོགས་ཀྱི་སྤྱོད་གཙང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས“སྤྱོད་གཙང་གི་ཉིང་ཁྲི”འཛུགས་སྐྲུན་ཐད་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་འདུས་དང་སྤྱོད་གཙང་གཞུང་དྲང་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

查看本期全部内容