བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འཕྲལ་སྡོམ་འཇོན་ཐང་ཆེ་རུ་བཏང་བ།

林芝报-藏文版  2026-07-14

ཉེ་ཆར་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་བོད་ལྗོངས་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་སྐྲུན་ཁུལ་གསུམ་པས་ཕུག་ལམ་ཐད་ཁྲོན་ནང་ནས་འདམ་རྫབ་འཕྱུར་བ་དང་།གློག་ཆད་པའི་ལས་འཛོལ་འཕྲལ་སྡོམ།རོགས་སྐྱོབ་དངོས་འཐབ་ནང་སྦྱོང་བཅས་བྱས་ཡོད།ད་ཐེངས་ཀྱི་ནང་སྦྱོང་དེ་ས་མཐོའི་མཐོ་གྲང་ཕུག་ལམ་ཐད་ཁྲོན་ཨར་ལས་བྱེད་པའི་བདེ་འཇགས་ཉེན་ཁའི་ཁྱད་ཆོས་ལ་དམ་པོར་དམིགས་ནས“གཅིག་གྱུར་བཀོད་འདོམས་དང་།རིམ་དབྱེ་འགན་འཁུར།དངོས་སུ་འཐབ་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཉེན་ཁའི་གནས་ཚུལ་ཉེན་བརྡ་དང་།འཕྲལ་སྡོམ་འཕྲིན་སྐྱེལ།མི་སྣ་ཕྱིར་འཐེན་གྲབས་གསོག་གློག་ཁུངས་བརྗེ་སྒྱུར།སྨན་བཅོས་སྲོག་སྐྱོབ་དང་དེ་བཞིན་ས་གནས་ས་ཐོག་གི་བརྒྱུད་རིམ་ཧྲིལ་པོ་སླར་གསོ་བཅས་བྱས་ཡོད་པ་རེད།

པར་རིས་འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ། དཔལ་འབྱོར་ཚེ་རིང་གིས་སྒྱུར།