ཉིང་ཁྲི་གྲོང་ཁྱེར་གྱི2026ལོའི་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་་པ་ནང་འདྲེན་བྱེད་པའི་བྱེད་སྒོ་དེ་ཀོང་ཀྲོའུ་རུ་སྤེལ་བ།

林芝报-藏文版  2026-07-14

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉིང་ཁྲི་གྲོང་ཁྱེར་གྱིས་2026ལོའི་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱེད་སྒོ་དེ་ཀོང་ཀྲོའུ་རུ་སྤེལ་བ།

ཀོང་ཏུང་གིས་བོད་ལྗོངས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱེད་པའི་ཟམ་པ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད།ཟླ་7ཚེས་11ཉིན།2026ལོའི་ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་དང་།ཤེས་ལྡན་པ་ནང་འདྲེན་བཅས་ཀྱི་རིམ་སྤེལ་བྱེད་སྒོ་དང“318མཛེས་པའི་ཉིང་ཁྲིའི་དུམ་བུའི་ཡུལ་སྐོར་གཱ”ཡོངས་བསྒྲགས་མཛད་སྒོ་ཀོང་ཀྲོའུ་རུ་འཚོགས་པ་རེད།ཉིན་དེར་ཀོང་ཏུང་དང་བོད་ལྗོངས་ས་ཁུལ་གཉིས་ནས་ཡོང་བའི་སྐུ་མགྲོན་400ལྷག་ཙམ་ཚོགས་འདུར་ཞུགས་པ་དང་།ཚོགས་འདུར་ཞུགས་མཁན་གྲུབ་ཆ་གཙོ་བོ་ནི་སྲིད་དོན་དང་།ཁེ་ལས།སློབ་གྲྭ།སྨྱན་སྦྱོར་བཅས་ཀྱི་སྟོབས་ཤུགས་ཁྱབ་པ།ས་གནས་ས་ཐོག་ཏུ་སྣེ་མང་འོས་སྦྱོར་དང་།གན་འཇོག་རང་དབང་།རིག་གནས་འཁྲབ་སྟོན།ཁྱད་ལྡན་འགྲེམས་ཁུལ་སོགས་ཀྱི་རྣམ་པ་བརྒྱུད་ཕྱོགས་ཡོངས་ནས་ཉིང་ཁྲི་འོས་སྦྱོར་བྱས་པ་རེད།

ད་ཐེངས་ཀྱི་རིམ་སྤེལ་བྱེད་སྒོ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་དང་།ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའུ།གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན(མ་འཇོག་སྐུལ་སྤེལ་ཅུད)བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དང་།གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུད།ཞིང་ལས་གྲོང་གསེབ་ཅུད།ཚོང་དོན་ཅུད།རིག་གནས་ཡུལ་སྐོར་ཅུད་སོགས་སྡེ་ཚན་མང་པོས་གཞོགས་འདེགས་བྱས་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།བྱེད་སྒོ་མཇུག་འགྲིལ་རྗེས་ཉིང་ཁྲི་གྲོང་ཁྱེར་གྱིས་གན་འཇོག་རྣམ་གྲངས་དང་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ཆེད་དོན་རྩིས་ཁྲ་བཟོས་ནས་རྒྱུན་གཏན་ཅན་གྱི་བཀོད་གཏོང་རྗེས་སྙེག་ལམ་སྲོལ་ལག་བསྟར་བྱས་ཏེ་རྣམ་གྲངས་དོན་འཁྱོལ་དང་ཤེས་ལྡན་མི་སྣའི་ལེ་ལག་ཚང་བའི་དུས་འཁོར་ཧྲིལ་པོའི་ཞབས་ཞུ་མུ་མཐུད་ཡག་པོ་བསྒྲུབས་ཏེ་དོན་དངོས་དང་མཐུན་པའི་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་ནང་འདྲེན་བྱེད་པའི་གྲུབ་འབྲས་ལ་བརྟེན་ནས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་ཀོང་ཏུང་དང་བོད་ཀྱིས་ཁ་གཏད་རོགས་སྐྱོར་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ“མི་ཡུལ་གྱི་དག་ཞིང་ཡིད་འོང་གི་ཉིང་ཁྲི”དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་མཉམ་དུ་བརྩམ་རྒྱུ་ཡིན་པ་རེད། དཔལ་འབྱོར་ཚེ་རིང་གིས་སྒྱུར།