logo
查看本期全部内容

ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སྐོང་འཚོགས་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།

山南报藏文&nbsp&nbsp2026-05-08

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་2025ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་དང་། 2026ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་བཟོ་ཚུལ་གྱི་སྙན་ཞུ་གསན་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ལས་བྱེད་པའི་དཔྱད་ཞིབ་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། དཔྱད་ཞིབ་ཀྱི“བཀོད་འདོམས་”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀུན་སྤྱོད་བློ་སྦྱོང་དང་ཁུར་ཕོད་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་ཟམ་མི་ཆད་པ་གཏོང་བ་བཅས་བྱས་ཏེ་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་དེ་དཔྱད་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོར་བརྩི་དགོས་པ།“དོན་ཆེན་བཞི”དང་། ལྷ་ས་དང་ལྷོ་ཁའི་འཕེལ་རྒྱས་ཀྱི་གཙོ་གནད།“སྣེ་གཅིག་ཁུལ་ལྔའི”འཕེལ་རྒྱས་ཀྱི་ངེས་གནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཅས་ཀྱི་གནད་དོན་ལ་དམིགས་པ་དང་། དཔྱད་ཞིབ་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གཙོ་གནད་ལས་དོན་ལ་ཞབས་འདེགས་ཞུ་བ་དང་འགག་རྩའི་ལས་འགན་ལ་དམ་པོར་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་ལྟེ་བའི་ལས་དོན་གང་དུ་སྐུལ་འདེད་བཏང་ཚེ་དཔྱད་ཞིབ་ལས་དོན་དེ་གར་སྤེལ་ཐུབ་པ་བྱེད་དགོས། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།དཔྱད་ཞིབ་བྱས་འབྲས་ལྡོག་འདྲེན་དང་། དག་ཐེར། བྱ་དགའ་ཆད་གཅོད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་འདེམས་སྤྱོད་དང་། ལེགས་གྲས་ལ་བྱ་དགའ་སྤྲོད་པ།ཞན་གྲས་ལ་ཆད་པ་གཅོད་པ།ལས་དོན་ལ་ལེགས་བཅོས་བྱེད་རྒྱུ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ།འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་གཏོང་བ།འཇོན་ཐང་ཡོད་མཁན་བསྐོ་བཞག་དང་།ཕུལ་བྱུང་ལ་བྱ་དགའ་སྤྲོད་པ།འཇོན་ཐང་མེད་མཁན་འབེབས་པ། ཐ་གྲས་གྲལ་ཕུད་བཅས་བྱས་ནས་བསྡུར་སློབ་རྗེས་སྙེག་དང་དམ་པ་དོན་གཉེར་གྱི་ལས་སྒྲུབ་རྣམ་པ་བཟང་པོ་ཞིག་གཏོད་དགོས། དཔྱད་ཞིབ་ནང་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་རྩིས་ཁྲ་བཟོས་ནས་དུས་བཀག་ནང་དག་ཐེར་བྱེད་པ་དང་ཕན་འབྲས་རྗེས་སྙེག་འདྲི་རྩད་བྱས་ཏེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་བྱེད་སྟངས་ལེགས་སུ་བཏང་ནས་ཧེ་བག་ཅན་གྱི་དཔྱད་ཞིབ་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྒྱུན་གཏན་གྱི་རྗེས་སྙེག་དང་།འགུལ་རྣམ་དོ་དམ། དུས་བཀག་ལྟར་ལྟ་ཞིབ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་འཕེལ་རིམ་དང་ལས་བྱེད་པའི་མངོན་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས། ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲངས་གཞིའི་དམིགས་ཚད་ལ་བལྟ་དགོས་ལ། མང་ཚོགས་ཀྱི་གདེང་འཇོག་དང་། ལས་ཀའི་དོན་དངོས། སྤྱོད་ཚུལ་བཅས་ལའང་བལྟ་དགོས། མངོན་གསལ་གྲུབ་འབྲས་ལ་བལྟ་དགོས་ལ་མངོན་མེད་གྲུབ་འབྲས་ལའང་བལྟ་དགོས་པ་དང་། མིག་སྔར་མཐོང་ཆེན་བྱེད་དགོས་ལ་ཕུགས་ལའང་དེ་བས་མཐོང་ཆེན་བྱེད་དགོས་པ། མྱུར་ཚད་ལ་བལྟ་དགོས་ལ་སྤུས་ཚད་ལའང་དེ་བས་མཐོང་ཆེན་བྱེད་དགོས་པ། འཕྲལ་ཕན་འཕྲལ་གཉེར་དང་ཕྱི་ཚུལ་བྱ་སྤྱོད་གཏན་འགོག་བྱེད་དགོས་པ། དཔྱད་ཞིབ་བྱས་འབྲས་དེ་སྐོར་གཟིགས་སྐོར་ཞིབ་དང་། ལྟ་ཞིབ་སྣ་ཚོགས། རྩིས་བཤེར་ལྟ་སྐུལ་སོགས་བྱས་འབྲས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་དང་། དྲང་བཞག། ལོ་རྒྱུས་བཅས་ཀྱི་སྒོ་ནས་ལས་བྱེད་པའི་གྲུབ་འབྲས་དངོས་ལ་གདེང་འཇོག་བྱས་ཐོག།ལས་བྱེད་པས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་ཁྲིད་སྟོན་བྱས་ཏེ་མི་དམངས་ཀྱི་དོན་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། བྱས་རྗེས་དངོས་འཇོག་ཐུབ་པ་བྱེད་དགོས་སོ།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

查看本期全部内容