logo
查看本期全部内容

ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྐབས།

“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ།ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་སྦྱོང་བཤེར་བཅོས་གསུམ་ལ་སྐུལ་འདེད་བཏང་ཐོག་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

山南报藏文&nbsp&nbsp2026-05-08

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་གནང་བ་དང་། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུའི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གྲོང་ཁྱེར་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཚུལ་གྱི་སྙན་ཞུ་གསན་པ། སློབ་སྦྱོང་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དམ་པ་དོན་གཉེར་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་།ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་དགོངས་དོན་གཞི་གཅིག་ཏུ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཚད་གཞི་དང་བསྡུར་རྒྱུ་མཐའ་འཁྱོངས་བྱེད་པ།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ། སློབ་བཤེར་དག་ཐེར་དང་། སྒྲིག་སྲོལ་ལམ་འཛུགས། སྒོ་དབྱེའི་སློབ་གསོ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་བྱེད་ཤུགས་ཡོད་པ། དག་ཐེར་བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱེད་དགོས་ཤིང་། “སློབ་སྦྱོང་མཐར་ཕྱིན་པ་བྱ་དགོས་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་གྱོད་དཔེ་བེད་སྤྱོད་ཡག་པོ་བྱེད་པ། བསམ་བློའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། གནད་དོན་གནད་ལ་འཁེལ་བ་འཚོལ་དགོས་ཤིང་།“དཔེ་བསྡུར་གསུམ”གྱི་བླང་བྱ་ལྟར་གཟབ་ནན་ངང་རང་ཉིད་དེའི་ནང་དུ་འཇོག་པ་དང་། འགན་འཁྲི་དེའི་ནང་དུ་འཇོག་པ། ལས་དོན་དེའི་ནང་དུ་འཇོག་པ། ནན་པོ་གཙོ་བོར་འཛིན་པ། གྲི་ངོ་ནང་གཏད་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཐོག་གནད་དོན་གནད་འཁེལ་རྩད་གཅོད་གསལ་པོ་བྱས་ཏེ། མི་དང་བྱ་བ། བསམ་བློ་བཅས་མངོན་མཚོན་ཐུབ་པ་བྱེད་དགོས།ནན་པོས་གཅུན་ཐུབ་པ་དང་མཁྲེགས་སར་གཏུག་ཕོད་པའི་ཐོག་ནས་དག་ཐེར་ཡོ་བསྲང་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས། གནད་དོན་གང་ཞིག་ཡོད་ན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་མངོན་གསལ་ཆེ་ན། དེ་གཙོ་གནད་དུ་དག་ཐེར་ཡོ་བསྲང་བྱེད་པ། དག་ཐེར་ཡོ་བསྲང་གི་རྩིས་ཐོ་འཛུགས་པ། དག་ཐེར་ཡོ་བསྲང་གི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། གནད་དོན་རེ་ལ་འཆར་ཟིན་རེ་དང་། དོན་དག་རེ་རེ་བཞིན་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་དགོས། རྩ་ལག་མཉམ་བཅོས་ལ་དོ་སྣང་བྱེད་དགོས་ཤིང་། “འཕྲལ་མར་སྒྱུར་བཅོས”དང“ཡུན་རིང་ལམ་འཛུགས”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གཅིག་སྡུད་འགག་སྒྲོལ་བྱེད་པ་དང་།མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་ཞན་ཆ་ཁག་དུས་ཐོག་ཏུ་གསབ་པ་བཅས་བྱས་ཏེ“གནད་དོན་གཅིག་ཐག་གཅོད་བྱེད་པ”ནས“གནད་དོན་ཁྱུ་གཅིག་ཐག་གཅོད་ཐུབ་པའི”བར་སྣུར་སྲིང་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་དགོས་ཤིང་། བསམ་བློའི་ངོས་འཛིན་དང་། གནད་དོན་དག་ཐེར། སྒྲིག་སྲོལ་ལམ་ལུགས་འཛུགས་པ། “ཁག་གཅིག་བྱས་པ་ལྔའི”བླང་བྱ་བཅས་ལ་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི“རལ་གྲི་རྣོན་པོའི”ནུས་པ་འདོན་སྤེལ་གྱིས་འཐབ་ས་དང་པོ་དང་ལས་ཡུལ་མདུན་མར་བསྐྱོད་ནས་མདུན་ཕྱོགས་སུ་མཛུབ་ཁྲིད་དང་། ནད་ཐོག་སྨན་བཅོས་དང་རྣག་ཐོག་གཙག་འཁེལ་བྱས་ཏེ་བརྗོད་གཞི་གཅིག་ལ་ལན་མཉམ་འདེབས་ཀྱིས་མཉམ་ཤུགས་ཆགས་པ་བྱེད་དགོས། འགན་འཁྲི་ནན་དུ་གཏོང་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་བ། ཚན་ཁག་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱེད་པ། སློབ་སྦྱོང་སློབ་གསོའི་ཆེད་སྒྲུབ་ཚོགས་ཆུང་གིས་སྤྱི་འཛིན་སྣེ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོ་དང་སྒོ་དབྱེའི་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་ཐོག་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་པོ་དང་ཏན་ཏིག་ཡོང་བའི་འགན་ལེན་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་བྱ་རྒྱུར་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་ཁྲིད་སྟོན་བྱེད་དགོས་སོ།།

བསོད་ནམས་བསྟན་པས་བསྒྱུར། བདེ་དཔལ་གྱིས་ཞུས།

查看本期全部内容