logo
查看本期全部内容

ལན་མའེ་ཤིང་འབྲས་རབ་ཏུ་སྨིན། ཕྱོགས་བཞིའི་ཡུལ་སྐོར་ཉམས་ལེན་བྲེལ།

གྲ་ནང་རྫོང་གི་སྐབས་དང་པོའི་ས་མཐོའི་ལན་མའེ་ཤིང་འབྲས་འཐུ་བའི་དུས་ཚིགས་དང་“ལྔ་གཅིག”མཉམ་སྤྲོ་འགོ་ཚུགས་པ།

山南报藏文&nbsp&nbsp2026-05-08

ལྔ་གཅིག་གུང་གསེང་རིང་། གྲ་ནང་རྫོང་རྔ་སྒྲ་ཤང་ཀེ་པི་ཞིང་ལས་ཚན་རྩལ་གླིང་དུ་ཤིང་འབྲས་ཀྱི་མངར་སིལ་དྲི་བསུང་གང་སར་འཐུལ་བཞིན་ཡུལ་སྐོར་བ་རྒྱུན་མི་ཆད། འདི་གར་“སྔོ་སྨུག་ཤིང་འབྲས་འཐུ་བའི་བསྐལ་བཟང་དུས་ཚིགས་”ཅེས་པའི་བརྗོད་དོན་གཙོ་བོའི་སྐབས་དང་པོའི་ས་མཐོའི་ཤིང་འབྲས་ལན་མའེ་འཐུ་བའི་དུས་ཚིགས་དངོས་སུ་འགོ་ཚུགས་ནས་གུང་གསེང་ལ་རྣམ་པ་གསར་པ་ཞིག་བྱུང་ཡོད།

ད་ཐེངས་ཀྱི་བྱེད་སྒོས་ས་གནས་དེ་གའི་ཀེ་པི་ཞིང་ལས་དང་ས་མཐོའི་ཁྱད་ལྡན་ཤིང་འབྲས་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ཏེ“ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ཚན་རྩལ་ཁྱབ་གདལ་ཉམས་ལེན”མཉམ་འདྲེས་རྣམ་པ་གསར་གཏོད་བྱས་ནས་གྲ་ནང་རྫོང་གི་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་གྲམ་ཐང་དུ་ལན་མའེ་སྔོ་སྨུག་ནང་འདྲེན་འདེབས་ལས་ཐོན་ལས་ཀྱི་ངོ་མཚར་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་གྱི་ལན་པར་སྐྱེད་སྲིང་། གུང་གསེང་རིང་གི་འཛད་སྤྱོད་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྔ་སྒྲ་ཤང་གི་གྲོང་མིས་དགའ་སྤྲོ་འཁོལ་བའི་སྒོར་གཞས་འཁྲབ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུ་བ་ཞུས་པ་མ་ཟད། ལོ་ལེགས་བྱུང་བའི་སོ་ནམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད། དེ་རྗེས། ཡུལ་སྐོར་བས་གླིང་ཁུལ་གྱི་ཆུ་ལུད་གཞི་གཅིག་ཅན་གྱི་ཐིགས་ཆུ་འདྲེན་གཏོང་རིག་ནུས་དྲོད་ཁང་དུ་བསྐྱོད་དེ་ཆེད་ལས་མཁས་པའི་འགྲེལ་བཤད་འོག་ཐག་ཉེ་ཤོས་ནས་ས་མཐོར་ལན་མའེ་ཤིང་འབྲས་འདེབས་ལས་བྱེད་པའི་སྔོན་ཐོན་ལག་རྩལ་རྒྱུས་ལོན་བྱས་པ་དང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་རེད།

ལན་མའེ་འཐུ་ཡུལ་དུ། ཡུལ་སྐོར་བ་ཚོས་ལག་ཏུ་ཤིང་ཏོག་བླུགས་སའི་སི་ར་འཁྱེར་ཏེ་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་འཐུ་འཐོག་གི་སྤྲོ་སྣང་ཉམས་སུ་མྱོང་བཞིན་ཡོད། འོད་ཆེམ་ཆེམ་དུ་འཕྲོ་བའི་ས་མཐོའི་ལན་མའེ་འབྲས་རྡོག་རྣམས་སྡོང་པོའི་ཐོག་ཆུ་ཐོལ་ཐོལ་དུ་སྨིན་པར་གྱུར་ཡོད་པ་དང་། ཚང་མས་འབྲས་བུ་འཐུ་གིན་བྲོ་བ་མྱོང་གིན་ཡོད་ལ། ས་གནས་ས་ཐོག་ཏུ་ད་དུང་ཤིང་འབྲས་སོས་པ་ཉོ་བའི་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་ཡོད་པ་རེད། དེ་དང་ཆབས་ཅིག་རིག་རྩལ་འཁྲབ་སྟོན་དང་། ཕ་མ་དང་ཕྲུ་གུའི་མཉམ་འགུལ། དྲ་རྒོད་པར་ལེན་བརྙན་འཇུག་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཡུལ་སྐོར་བ་ཚོས་དགའ་སྤྲོའི་འཛུམ་མདངས་ཁྲོད་ལོ་ལེགས་ཀྱི་ཉམས་བཟང་ཚོར་བ་བྱས་ཡོད་པ་རེད།

བོད་ལྗོངས་ཀེ་པི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འགན་འཁུར་བ་མཚོ་མོས་ངོ་སྤྲོད་བྱས་པར་གཞིགས་ན། “ས་མཐོའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ཉི་འོད་འཕྲོ་ཤུགས་ཆེ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་ལན་མའེ་ཤིང་འབྲས་ལ་འབྲས་བུ་བཏགས་ཚད་དེ་བས་མཐོ་བ་དང་། ཤིང་འབྲས་ཀྱི་མངར་ཚད་དེ་བས་མཐོ་བ། བྲོ་བ་དེ་བས་ཞིམ་པ་བཅས་ཡོད། གླིང་ཁུལ་དུ་ས་མེད་འདེབས་གསོ་དང་། འབྱུང་འཕྲོད་རྩི་ཤིང་སྲུང་སྐྱོང་། ཆུ་ལུད་གཞི་གཅིག་ཅན་གྱི་རིག་ནུས་ཐིགས་ཆུ་གཏོང་བའི་ལག་རྩལ་སོགས་སྤྱད་དེ་རང་འགུལ་ཅན་གྱི་ཆུ་ལུད་སྙོམས་སྒྲིག་དང་། དྲོད་ཁང་ནང་གི་དྲོད་ཚད་དང་བརླན་ཚད་གནད་སྨིན་དོ་དམ་དང་ཚོད་འཛིན་བྱས་ཡོད། ང་ཚོས་མཆོག་ལྡན་ཤིང་འབྲས་ཀྱི་ཁྱད་ལྡན་ཐོན་ལས་རྨང་གཞིའི་ཐོག་བོད་ཀྱི་དབྱེ་འབྱེད་བྱེད་ཚད་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་ལེགས་པའི་ས་མཐོའི་ལན་མའེ་ཤིང་འབྲས་ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི་གཙོ་བོ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཅེས་བརྗོད་དོ།།

བོད་ལྗོངས་ཀེ་པི་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལས་ཁང་གི་དྲུང་ཡིག་མེ་ཏོག་སྒྲོལ་དཀར་གྱིས། “ང་རང་2022ལོར་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཀེ་པི་ཞིང་ལས་གླིང་དུ་ནོར་དོན་དང་འབྲེལ་བའི་ལས་ཀ་བྱས་པ་ཡིན། གླ་ཕོགས་ཐོབ་ཐང་ཡག་པའི་སྒང་ལ་ཁྱིམ་ཚང་དང་ཐག་ཉེ་པོ་འདུག་པས་ཕྱིས་འབྱུང་རང་ཉིད་ཀྱི་འབད་བརྩོན་ཡོད་རྒུ་བརྒྱུད་ཕ་ཡུལ་གྱི་ཐོན་ལས་གོང་འཕེལ་ཐད་ནུས་ཤུགས་འདོན་རྩིས་ཡོད་ཅེས་བརྗོད།

ས་མཐོའི་ལན་མའེ་ཤིང་འབྲས་ཀྱི་སྤུས་ཀ་ཡག་པས། ཡུལ་སྐོར་བ་མང་པོའི་བསྔགས་བརྗོད་ཆེན་པོ་ཐོབ། ཡུལ་སྐོར་བ་ཧན་ཁོའོ་ཡིས“ངས་བོད་དུ་ལས་ཀ་བྱས་ནས་ལོ་བཅུ་ཙམ་ཕྱིན་སོང་། ལྔ་གཅིག་རིང་ཆེད་མངགས་གྲ་ནང་གི་ལན་མའེ་འཐུ་སར་ཡོང་བ་ཡིན། ས་མཐོའི་ལན་མའེ་ཤིང་འབྲས་བྲོ་བ་ཧ་ཅང་ཞིམ་པོ་འདུག་ལ། སྤུས་ཚད་ཀྱང་ནང་སའི་ལན་མའེ་ལས་ཡག་པ་འདུག། ད་རེས་ཞིང་ནང་དུ་ཤིང་འབྲས་འཐུ་བ་དང་སྦྲགས་སེམས་པ་གུ་ཡང་ཡང་བྱེད་རྒྱུ་བྱུང་བས་དངོས་གནས་དོན་སྙིང་ཆེན་པོ་བྱུང་”ཞེས་བརྗོད།

ད་ཐེངས་ཀྱི་འཐུ་བསྡུའི་བྱེད་སྒོ་ལས་གླིང་ཁུལ་གྱི་འགྲུལ་རྒྱུན་མང་དུ་སོང་བ་དང་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ནས་གྲ་ནང་ཀེ་པི་ཞིང་ལས་ཡུལ་སྐོར་གྱི་གྲགས་རྟགས་ཇེ་ཆེར་སོང་ཡོད། གོམ་སྟབས་རྗེས་མར་གྲ་ནང་རྫོང་གིས་ཀེ་པི་སྐྱེ་ཁམས་ཞིང་ལས་མུ་མཐུད་རྒྱ་སྟོབས་ཆེར་གཏོང་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བརྒྱུད་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།། བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

查看本期全部内容