logo
查看本期全部内容
ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་རིམ་སྤེལ་བ།
林芝报-藏文版&nbsp&nbsp2026-07-03
<img src='//img.founderfx.cn/epaper/202607/03/cc46f514fdfd4aa5a7afe743d1b4f6cf/03/8512_zw02b_20260703_s.jpg'style='display: block!important;margin: auto!important;max-width: 100%!important;'/>ཟླ་6ཚེས་30ཉིན་གྱི་སྔ་དྲོར། ཉིང་ཁྲི་སྡེ་ཁུལ་གྱིས་ཉིང་ཁྲི་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཉམ་དུ་ཉི་མ་གྲོང་ཁུལ་ཆུང་དུ“བདུན་པའི་ཚེས་གཅིག་གི་ཏང་གི་བཀའ་དྲིན་ཚོར་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་དང་མི་རིགས་ཁག་གི་གྲོང་མིའི་འཐུས་མི་སོགས་མི་63མཉམ་དུ་འཛོམས་ནས་ཏང་གི་བཀའ་དྲིན་ལ་བསྔགས་བརྗོད་བྱས་པ་རེད། འདི་ནི་གཞི་རིམ་གྱི་འགྲེལ་བཤད་པས་མང་ཚོགས་ལ་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འགྲེལ་བཤད་རྒྱག་བཞིན་པ།<img src='//img.founderfx.cn/epaper/202607/03/cc46f514fdfd4aa5a7afe743d1b4f6cf/03/8508_zw02b_20260703_s.jpg'style='display: block!important;margin: auto!important;max-width: 100%!important;'/>ཟླ་6ཚེས་30ཉིན་གྱི་སྔ་དྲོར། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བ་དྲིས་ལན། ལུས་རྩལ་འགྲན་ཚོགས་སོགས་ལྷུ་ཚིགས་རེས་མོས་ངང་སྤེལ་ཞིང་། ཚང་མས་འཚང་ཁ་ཤིག་ཤིག་ངང་ཏང་གི་ལོ་རྒྱུས་ཤེས་བྱར་ལན་བཏབ་པ་དང་རང་འགུལ་ངང་སྤྲོ་སྣང་ལྡན་པའི་འགྲན་བསྡུར་ནང་ཞུགས་པས་འགྲན་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད། འདི་ནི་འགྲན་རའི་རྣམ་པ་ཡིན་པ།<img src='//img.founderfx.cn/epaper/202607/03/cc46f514fdfd4aa5a7afe743d1b4f6cf/03/8510_zw02b_20260703_s.jpg'style='display: block!important;margin: auto!important;max-width: 100%!important;'/>ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ཁོངས་གཏོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་འཚོགས་ཤིང་། མཚན་ཚོགས་དེ་ཐོག་མའི་བསམ་འདུན་མཚོན་པ་དང་། བརྩེ་སེམས་ཟབ་མོས་ཞབས་འདེགས་ཞུ་བ། བློ་སེམས་གཅིག་མཐུན་ངང་ལམ་བུ་གསར་པར་སྐྱོད་པ་བཅས་ཀྱི་ལེའུ་ཆེན་པོ་གསུམ་ལ་དབྱེ་བ་དང་རྐྱང་གཞས་དང་། མི་རིགས་ཞབས་བྲོ། མཉམ་གཞས་ཆེ་མོ་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད། འདི་ནི། འཁྲབ་སྟོན་པས་འཁྲབ་སྟོན་བྱེད་བཞིན་པ།<img src='//img.founderfx.cn/epaper/202607/03/cc46f514fdfd4aa5a7afe743d1b4f6cf/03/8514_zw02b_20260703_s.jpg'style='display: block!important;margin: auto!important;max-width: 100%!important;'/>ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ་སྣང་རྫོང་གིས་“བདུན་གཅིག”གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཏང་ཡོན་རྒན་གྲས་དང་། ལས་འཁྱུར་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས།དེ་བཞིན་དཀའ་ངལ་ཡོད་པའི་ཏང་ཡོན་དང་གཞུང་དོན་ཆེད་དུ་སྐུ་གཤེགས་པའི་ཏང་ཡོན་གྱི་ནང་མིར་འཚམས་འདྲི་ཞུས་ཏེ་ཁོང་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་མཚོན་པ་མ་ཟད་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད། 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཉིང་ཁྲི་གྲོང་ཁྱེར་གྱི་ཆུད་དང་རྫོང་ཁག་གིས“བདུན་གཅིག”གི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་གང་ལེགས་གནང་བ་རེད།
ལོ་བརྒྱ་ལྷག་ཙམ་རིང་གི་དཀའ་སྡུག་མང་པོའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཏང་དབུ་བརྙེས་མ་ཐག་པའི་གཞི་རིམ་ཏང་རྩ་འཛུགས་བཅུ་ཕྲག་ཁ་ཤས་ནས་ད་ཆའི་གཞི་རིམ་ཏང་རྩ་འཛུགས་ཁྲི་500ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཏེ་འཕྲེད་ཀྱི་མཐའ་ཟིན་པ་དང་། གཞུང་གི་མཐིལ་ཐུག་པ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་རྩ་འཛུགས་ཀྱི་དྲ་བ་ཞིག་ཆགས་ནས་ཏང་དར་གཞི་རིམ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་ནམ་ཡང་གཡོ་བཞིན་མཆིས།
查看本期全部内容