logo
查看本期全部内容
ཉིང་ཁྲི་གྲོང་ཁྱེར“སྐོར་སྐྱོད་ཀྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང”གི་སྐོར་འགྲེམས་བྱེད་སྒོ་སྤེལ་འགོ་ཚུགས་པ།
林芝报-藏文版&nbsp&nbsp2026-07-03
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཟླ་6ཚེས་30ཉིན་གྱི་སྔ་དྲོར།གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་ཉིང་ཁྲི་གྲོང་ཁྱེར་གྱི“སྐོར་སྐྱོད་ཀྱི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང”གི་སྐོར་འགྲེམས་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
ལིའུ་ཁྲུན་ཞང་གིས་ཤིས་ཚིག་གསུང་སྐབས་ཉིང་ཁྲི་ནི་བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་འཐབ་ས་མདུན་མ་དང་། ཁྲོན་བོད་གཞུང་ལམ་འགག་སྒྲོལ་གྱི་ལྟེ་བའི་ལམ་དུམ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་འབྱུང་གནས་གལ་ཆེན་བཅས་ཡིན་པས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་རྒྱུན་འཛིན་གཏིང་ཟབ་བྱས་ཏེ།སྔོན་གཤེགས་དཔའ་བོར་གཉེན་ཉེ་འཚོལ་བ། གསར་བརྗེའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་བཟོ་བ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ།རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞི་འབོར་ཆེན་འཚོལ་བསྡུ་བྱས་ནས་གསར་བརྗེའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་གདིང་ཡོད་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། གཞོན་ནུ་ལོ་ཆུང་། ཉིང་ཁྲིར་བཅའ་སྡོད་དཔོན་དམག་བཅས་ཀྱིས་ལོ་རྒྱུས་ལ་བརྟེན་ནས་བློ་སྟོབས་སྦྱོང་བརྡར་དང་། ལག་ལེན་ལ་བརྟེན་ནས་རྟོགས་པ་སྐྱེས་པར་བྱེད་པ། རང་རྟོགས་ངང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
སྐོར་འགྲེམས་དེ་འདྲ་པར་རྙིང་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས། ས་གནས་དེ་གའི་གསར་བརྗེའི་གཏམ་རྒྱུད་བཅས་གཞི་རྟེན་དུ་བྱས་ནས་སྒུལ་བདེའི་སློབ་ཁང་ཡང་མང་དག་ཅིག་བཏོད་དེ་གསར་བརྗེའི་ལོ་རྒྱུས་ལྟ་ཐུབ་པ་མ་ཟད་མྱོང་ཚོར་ཐུབ་པ་བྱས་ཡོད་པས་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཚོས་གོ་རིམ་ལྡན་པའི་ངང་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་གངས་ལྗོངས་གསར་བརྗེའི་བརྗིད་ཉམས་ལྡན་པའི་ལོ་ཟླར་བསྐྱར་དྲན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐོར་སྐྱོད་འགྲེམས་སྟོན་འགོ་ཚུགས་རྗེས་ས་ཁོངས་ཧྲིལ་པོར་སྐོར་སྐྱོད་སྒྲོག་འགྲེལ་བྱ་རྒྱུ་དང་ལོ་ཧྲིལ་པོར་ལས་ཁུངས་དང་། སློབ་གྲྭ ཉིང་ཁྲིར་བཅའ་སྡོད་དཔུང་སྡེ། ཤང་གྲོང་གྲོང་ལྷན། རྣམ་གྲངས་ལས་ཡུལ་བཅས་སུ་བསྐྱོད་དེ་ཚོགས་སྤྱི་མི་འདྲ་བར་ཁ་ཕྱོགས་ནས་གསར་བརྗེའི་སློབ་གསོ་སྤེལ་རྩིས་ཡོད་ལ།དེ་དང་ཆབས་ཅིག་བདུན་པའི་ཚེས་གཅིག་དང་། བརྒྱད་པའི་ཚེས་གཅིག སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་སོགས་ཀྱི་དུས་ཚིགས་དང་ཟུང་འབྲེལ་བྱས་ཏེ་བརྗོད་དོན་གཙོ་བོའི་ཆེད་དོན་ཚོགས་ར་མང་དུ་བཏང་ནས་དྲིལ་བསྒྲགས་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།
查看本期全部内容