林芝报藏文版2026年07月03日-文章

林芝报-藏文版  2026-07-03

འདི་ག་ཚཊ་པར་ཁང་དུ་གནས་ཚུལ་འབྱོར་གསལ། ན་ནིང་ཟླ་9པ་ནས་བཟུང་། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཀྲུང་ཧྲན་ལས་དོན་ཚོགས་ཆུང་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། བསམ་འདུན་ཆུང་ངུ་ཀོང་ཏུང་གིས་མངོན་འགྱུར་བྱེད་ཅེས་པའི་བོད་སྐྱོར་རོགས་སྐྱོར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སློབ་གསོའི་རིག་སྟོབས་ལ་བརྟེན་ནས་སློབ་མའི་ཕུགས་འདུན་མངོན་འགྱུར་དང་། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཀྱི་བྱེད་ནུས་ལ་རོགས་སྐྱོར་བྱས་ཏེ། སློབ་གསོའི་སྤུས་ཚད་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་གཉིས་ལ་ནུས་པ་འདོན་སྤྲོད་ཐུབ་པ་བྱས་ནས་ དངོས་སྒྲུབ་དང་བརྩེ་སེམས་ལ་བརྟེན་ནས་ཀོང་བོད་སེམས་པ་གཅིག་མཐུན་དང་ལག་གདང་སྦྲེལ་ཏེ་མཉམ་དུ་མདུན་སྐྱོད་བྱེད་པའི་རོགས་སྐྱོར་རྒྱུགས་ལན་ཞིག་ཕུལ་ཡོད།

ཀོང་པོ་རྒྱ་མདའ་རྫོང་གི་ཤང་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་གི་སྒྲོག་ཙེ་དང་རྐུབ་སྟེགས་རྙིང་པ་ཆགས་པས་སློབ་ཁྲིད་དང་སློབ་མའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་པེ་ཅིང་སློབ་ཆེན་ཀོང་ཏུང་སློབ་གྲོགས་ཚོགས་པ་སོགས་སྤྱི་ཚོཊ་སྟོབས་ཤུགས་དང་མཉམ་དུ་སྤྱི་ཕན་དངོས་ཟོག་གྲབས་གསོག་བྱས་ནས་གཞི་རིམ་སློབ་གསོའི་མཁྲེཊ་ཆས་ཀྱི་ཞན་ཆ་གསབ་ཡོད། ད་ཆ་གྲོང་གསར་ཤང་ལྟེ་བའི་སློབ་ཆུང་དུ་སྒྲོག་ཙེ་རྐུབ་སྟེཊ་གསར་པ་བཀོད་སྒྲིག་བྱས་པས་སློབ་གྲྭའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

སྒྲོག་ཙེ་རྐུབ་སྟེགས་གསར་རྐྱང་དེ་དག་གིས་ཀོང་པོ་རྒྱ་མདའ་རྫོང་གི་སློབ་མའི་སློབ་སྦྱོང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ཕྲུ་གུ་ཚོའི་སློབ་སྦྱོང་གི་བསམ་འདུན་ཡང་གྲུབ་ཡོད། ད་ཐེངས་ཀྱི་སྤྱི་ཕན་བྱ་སྤྱོད་ནང་སྤྱི་ཕན་མ་དངུལ་སྒོར་ཁྲི་90ཙམ་བསྡུ་རུབ་བྱས་ཏེ་ཆེད་དངུལ་རྫོང་ཁོངས་སློབ་ཆུང་གི་སློབ་ཁྲིད་མཁྲེགས་ཆས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་སྤྱད་ཡོད། མིག་སྔར་མ་དངུལ་སྒོར་ཁྲི་44.1དམིགས་སར་འབྱོར་བ་དང་། སློབ་གྲྭ་5ཡི་སྒྲོག་ཙེ་དང་རྐུབ་སྟེགས་1689བརྗེ་པོ་བརྒྱབ་ཡོད།

སློབ་གསོར་རོགས་སྐྱོར་གཏིང་ཟབ་བྱེད་པ་དང་དུས་མཚུངས་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བའི་དགོས་མཁོར་དམིགས་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་དཀའ་གནད་ཐག་གཅོད་གནད་སྨིན་བྱས་ཏེ་ཆེད་དོན་བོད་སྐྱོར་མ་དངུལ་སྒོར་ཁྲི་55བརྩོན་ལེན་བྱས་ནས་གྲོང་གསེབ་ཀྱི་ཞིང་འཕྲུལ་རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་བྱས་ཡོད།

འཕྲུལ་གསར་པ་སྤྱོད་འགོ་ཚུགས་རྗེས། མང་ཚོགས་ཀྱི་ངལ་རྩོལ་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་ནས་ཚང་མར་བོད་སྐྱོར་རོགས་སྐྱོར་ལས་བྱུང་བའི་ཕན་པ་དངོས་ཐོབ་ཡོད། སློབ་ཁང་གི་སློབ་ཁྲིད་མཁྲེགས་ཆས་ལེགས་སུ་གཏོང་བ་ནས་ཕ་ཡུལ་གྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད་པའི་བར་ བསམ་འདུན་ཆུང་ངུ་ཀོང་ཏུང་གིས་མངོན་འགྱུར་བྱེད་ཅེས་པའི་བོད་སྐྱོར་རྣམ་གྲངས་ཀྱིས་ས་གནབ་དེ་གའི་དགོས་མཁོར་དམ་པོར་དམིགས་པ་དང་ཀོང་ཏུང་གི་ལེགས་ཆར་བརྟེན་ནས་གནད་སྨིན་ཇུས་འདོན་བྱས་ཡོད། གོམ་སྟབས་རྗེས་མར། ཀོང་བོད་ས་གནས་གཉིས་ཀྱིས་མཉམ་ལས་སྦྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་སྒོ་ནས་བོད་སྐྱོར་ཐོན་ཁུངས་སྣ་ཚོགས་རྒྱུན་ཆད་མེད་པར་བསྡུ་སྒྲིལ་བྱེད་པ་དང་། རོགས་སྐྱོར་གྱི་རྨང་གཞི་བརྟན་དུ་གཏོང་བ། ཀོང་བོད་དབར་གྱི་བརྩེ་སེམས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་སྐྱོར་གྱི་ཁེ་སྤོགས་ལས་ཀོང་པོ་རྒྱ་མདའ་རྫོང་གི་སློབ་མ་དང་དུད་ཚང་མི་རེ་ངོ་རེའི་མང་ཚོགས་ལ་ཕན་པ་དངོས་ཐོབ་པ་བྱ་རྒྱུ་རེད།