logo
查看本期全部内容
དཔའ་དར་དང་དབྱིན་ལི་ཧྥུང་གིས“བདུན་གཅིག”གོང་དུ་འཚམས་འདྲི་གནང་བ།
林芝报-藏文版&nbsp&nbsp2026-07-03
འདི་ག་ཚགས་པར་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ་ཟླ་6ཚེས་30ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཧྲི་ཀྲང་དབྱིན་ལི་ཧྥུང་བཅས་ཀྱིས་ཏང་ཡོན་རྒན་གྲས་དང་། ངལ་རྩོལ་དཔེ་བཟང་བ་རྒན་གྲས། དེ་བཞིན་གཞི་རིམ་གྱི་ཕུལ་བྱུང་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པ་དང། གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།
དབུ་ཁྲིད་རྣམ་གཉིས་ཀྱིས་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ཁྱིམ་དུ་ཕེབས་ནས་རྒན་རྒོན་ཚོ་དང་གླེང་མོལ་གནང་ནས་ཁོ་ཚོའི་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཁོང་ཚོས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ།ཁོང་ཚོར་གཟུགས་པོར་བདག་གཅེས་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། ཏང་ཡོན་རྒན་གྲས་ཚོར“གཟི་བརྗིད་ལྡན་པའི་ཏང་དབུ་བརྙེས་ནས་ལོ་ངོ50འཁོར་བའི”དྲན་གསོའི་རྟཊ་མ་ཡང་སྤྲད་པ་རེད།ཁོང་གིས་ཏང་ཡོན་ལས་བྱེད་པ་རྒན་གྲས་ནི་ཏང་གི་རྩ་ཆེའི་རྒྱུ་ནོར་ཞིག་དང་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་མཁན་དང་དཔང་པོ་བྱེད་མཁན་ཞིག་ཡིན་པས་ཉིང་ཁྲིར་ད་ཆའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཚང་མས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་བྲལ་ཐབས་མེད། ཏང་ཡོན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་མུ་མཐུད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཉིང་ཁྲི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྒན་རྒོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་གཞི་རིམ་ཏང་ཡོན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་མཉམ་དུ་དང་འཕེལ་རྒྱས་སྐོར་གླེང་ནས་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་རེད། ཁོང་ཚོས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དྲིལ་བསྒྲགས་ཡག་པོ་བྱེད་པ།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པ་དེ་བས་མང་བས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིའི”ཐད་འབད་འབུངས་ཡར་བརྩོན།བྱས་རྗེས་འཇོག་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་ཡོད་པ་རེད།
དཔའ་དར་དང་དབྱིན་ལི་ཧྥུང་གིས་མིག་སྔར་ཉིང་ཁྲི་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་མཚམས་སུ་གནས་ཡོད་པས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་འཛུགས་དང་ལག་ལེན་བསྟར་བ་དང་། ཏང་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་སྒྲུབ་པ།ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ།གསར་དར་ཁྱབ་ཁོངས་ཀྱི“ཁྱབ་པ་གཉིས”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས།གསར་བརྗེ་མཁས་ཅན་རྒན་རབས་པའི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་བརྟན་སྲུང་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས། ལྷག་བསམ་རྣམ་དག་གིས་ལས་བྱེད་པ་རྒན་གྲས་ལ་ཞབས་ཞུ་དང་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་འོས་འཚམ་བྱས་ནས་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་ཐུགས་ཁུར།འཚོ་བའི་ཐད་ལྟ་རྟོག བསམ་པའི་ཐད་ཐུགས་ཁུར་བཅས་བྱས་ཏེ་ལས་བྱེད་པ་རྒན་གྲས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཉི་མ་བཀྲ་ཤིས་དང་།ལི་ཞོན་དབྱིན།ཏོན་ཀང་ཧེ།ཏུའུ་ཡོན་ཝུན་བཅས་འཚམས་འདྲིའི་ནང་ཞུགས་ཡོད་པ་རེད། ཡིག་སྒྱུར་བ། སྐལ་བཟང་གཡུ་སྒྲོན།
查看本期全部内容