logo
查看本期全部内容

ཉིང་ཁྲི་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཅིག་སྡུད་ཐོག་གསན་གཟིཊ་བྱས་པ།

林芝报-藏文版&nbsp&nbsp2026-07-03

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་1ཉིན།ཉིང་ཁྲི་གྲོང་ཨུད་ཀྱིས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་གྱི་ཀྲུང་དབྱང་དང་ལྗོངས་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ཚོགས་ཆེན་གསན་གཟིགས་བྱས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ཡོངས་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཐོང་རྒྱ་ཆེ་བ་དང་། དགོངས་པ་གཏིང་ཟབ་པ།འགོ་ནས་མཇུག་བར་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་། འགན་འཁྲི་འཁུར་སེམས་ཆེན་པོ། མི་དམངས་ལ་བརྩེ་སེམས་ཟབ་མོ་ལྡན་པ་མ་ཟད་འཐབ་རྩོད་ཀྱི་སྙིང་སྟོབས་མངོན་གསལ་དོད་པོ་བཅས་ཀྱི་ཐོག་ནས་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། “ངེས་པར་དུ་ལྔ”ཡི་བླང་བྱ་ཁ་གསལ་བཏོན་ནས་ང་ཚོས་དུས་རབས་གསར་པའི་ཉིང་ཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ཞིབ་ཕྲ་ལེན་པའི་ཁྲོད་ལོ་བརྒྱའི་ཏང་ཆེན་པོའི་སྙིང་སྟོབས་ཀྱི་རླབས་ཆེན་སྟོབས་ཤུགས་ཚོར་ཐུབ་པ་བྱེད་པ་དང་། དམིགས་བྱའི་རེའུ་མིག་ནང་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་ཁ་གསལ་བཟོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཞིབ་ཕྲའི་བྱ་སྤྱོད་དང་གསོན་ཉམས་ལྡན་པའི་ལག་ལེན་དུ་ཏན་ཏིག་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།

ཚོགས་འདུས་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་རྟོགས་དགོས།ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེགས་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས།འདུ་ཤེས་བཞི་ཟབ་ཏུ་ཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་དགོས་ལ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་མ་ཟད་ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་མཐོ་རུ་གཏོང་དགོས་ལ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་།ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ།ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཏང་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་པ།ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ།དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་དང་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།རྩ་འཛུགས་ཀྱི་འགན་ལེན་བརྟན་དུ་གཏོང་བ།རིགས་པའི་གཞུང་ལུགས་ཀྱིས་ཏང་གཤིས་ལ་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཐའ་ཚད་བརྟན་དུ་གཏོང་བ་དང་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཉིང་ཁྲི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ཉིང་ཁྲིའི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

ཡིག་སྒྱུར་མཁན། བདེ་སྐྱིད།

查看本期全部内容