༄༅། །བསྟོད་ཚིག་མུ་ཏིག་དོ་ཤལ།

ཁྱུང་།

林芝报-藏文版  2026-06-12

བྲན་གཡོག་ལམ་ནས་ཐར་སོང་། །

འབྱོར་འབྲིང་ལམ་ལ་བསྙེགས་སོང་། །

ཞི་བས་བཅིངས་གྲོལ་བཏང་སོང་། །

བདེ་སྐྱིད་ཉི་མ་འཆར་སོང་། །

རླབས་ཆེན་སྐར་ལྔའི་དར་དམར། །

དམར་མདངས་བོད་ལ་རྒྱས་སོང་། །

སོང་ཟིན་དཀའ་སྡུག་ལོ་ཟླ། །

ཟླ་བ་སྤྲིན་བྲལ་འདྲ་བྱུང་། །

ཞིང་ལས་གསེར་གྱི་ཟོར་བ། །

བཟོ་ལས་ཐོ་བའི་སེར་པོ། །

ཁྲག་ལམ་དམར་པོའི་སྟེང་ནས། །

རྒྱལ་ཁའི་གཟི་མདངས་རྒྱས་སོང་། །

བདུན་བཅུ་དོན་ལྔའི་ལོ་ངོ་། །

ངོ་སོ་ཙམ་ཞིག་མིན་ཞིང་། །

ཞིང་བྲན་ཁྲི་མཚོ་བརྒྱ་ལ། །

ལ་ལུང་གྲོལ་བའི་ལོ་རེད། །

བཅིངས་འགྲོལ་བསྟོད་ཚིག་དོ་ཤལ། །

རྣ་བའི་བུ་རམ་མིན་ཡང་། །

བོད་པའི་ཨོ་ལོ་དཀྱུས་མའི། །

སེམས་ཁོངས་སྙིང་གཏམ་དྲོན་མོ། །