2026ལོའི་རྒྱལ་ཡོངས་མཐོ་རྒྱུགས་དངོས་སུ་འགོ་ཚུགས་པ།

林芝报-藏文版  2026-06-09

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2026ལོའི་ཟླ་6ཚེས་7ཉིན། 2026ལོའི་རྒྱལ་ཡོངས་མཐོ་རྒྱུགས་དངོས་སུ་འགོ་ཚུགས་ཤིང་། ཉིང་ཁྲིའི་ཡིག་རྒྱུགས་ས་ཚིགས་ཁག་སྒྲིག་ལམ་ལྡན་པ་དང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་རེ་སྨོན་བཟང་པོ་བཅངས་ནས་རྒྱུགས་རར་སྐྱོད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཕྱར་བ་གྲུ་འདེགས་ཀྱིས་ཞབས་ཞུ་འགན་སྲུང་བྱས་པས་གང་སར་བརྩེ་སེམས་དང་རེ་བས་ཁེངས་ཡོད།

རྒྱུགས་རའི་ཕྱི་རོལ་དུ་རྒན་ལགས་རྣམ་པས་སློབ་མའི་འགྲམ་དུ་ཕེབས་ནས་རྒྱུགས་ལེན་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་ལ་དྲན་སྐུལ་ཡང་ཡང་གནང་བ་མ་ཟད་ངང་རྒྱུད་རིང་པོས་སློབ་མ་ཚོར་ཁྲིད་སྟོན་དང་སྐུལ་ལྕག་ཡང་ཡང་བྱེད་བཞིན་ཡོད་པ་རེད།

མཐོ་རྒྱུགས་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་ཆེད། སྤྱི་བདེ་སྡེ་ཚན་གྱིས་ཉེན་རྟོག་པའི་སྟོབས་ཤུགས་སྔ་སྣུར་དུ་བཀོད་སྒྲིག་བྱས་པ་མ་ཟད་ལས་སྒྲུབ་ཉེན་རྟོག་པའི་རླངས་འཁོར་རྒྱུགས་ལེན་ས་ཚིགས་ཀྱི་མཐའ་འཁོར་དུ་བཅའ་སྡོད་བྱས་པ་མ་ཟད་མི་དམངས་ཉེན་རྟོག་པས་བརྒྱུད་རིམ་ཧྲིལ་པོར་འགྲོ་ལམ་འགྲིམ་འགྲུལ་དང་ས་གནས་ས་ཐོག་གི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་བདེ་འཇགས་ལ་འགན་ལེན་བྱས་ཡོད་པ་རེད།