སྣང་རྫོང་གིས་2026ལོའི་ལས་ཞུགས་བོད་སྐྱོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།

林芝报-藏文版  2026-06-09

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྣང་རྫོང་གིས་ཧུའེ་ཀྲོའུ་གྲོང་ཁྱེར་མི་སྤྱི་ཅུད་དང་མཉམ་དུ་ལས་ཞུགས་བོད་སྐྱོར་གྱི་རོགས་སྐྱོར་བྱ་སྤྱོད་སྤེལ་ནས་རྩལ་ནུས་གསོ་སྦྱོང་དང་། ཆེད་མངགས་གདན་ཞུ། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་རོགས་སྐྱོར་ཏན་ཏིག་བྱས་པ་རེད།

བྱེད་སྒོའི་ཐོག་ཧུའེ་ཀྲོའུ་ཡི་ཁ་གཏད་རོགས་སྐྱོར་གྱི་དྲ་ཐོག་ཚོང་དོན་ཐད་གཏོང་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཧུའེ་ཀྲོའུ་ཡི་འཆད་ཁྲིད་དགེ་རྒན་གྱིས་AIཡི་རྒྱུ་ཆ་བཟོ་བ་དང་། བརྙན་ཐུང་དྲས་སྒྲིག ཐད་གཏོང་གཉེར་སྐྱོང་བཅས་ལ་དམིགས་ནས་སློབ་ཁྲིད་བྱས་པ་རེད།

དེ་དང་ཆབས་ཅིག་ཆེད་དོན་གདན་ཞུའི་འདུ་ཚོགས་འཚོགས་ཤིང་། པི་ཡ་ཏི།TCL སོགས་ཧུའེ་ཀྲོའུ་ཡི་ཁེ་ལས་10ཡིས་སློབ་ཐོན་སློབ་མ་སོགས་ལ་ལས་གནས་8810མཁོ་འདོན་བྱས་ཡོད།

སྣང་རྫོང་དང་ཧུའེ་ཀྲོའུ་མི་སྤྱི་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་2026ལོའི་ངལ་ནུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕུགས་ཕན་མཉམ་ལས་ལམ་སྲོལ་བཙུགས་ནས་སླད་ཕྱིན་ཕྱིར་སྐྱོད་གླ་པར་ལས་གནས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད། ས་གནས་གཉིས་ཀྱིས་ད་དུང་སྲིད་གཞུང་དང་ཁེ་ལས། དེ་བཞིན་སློབ་ཐོན་སློབ་མའི་འཐུས་མི་དང་བཞུགས་མོལ་བྱས་ཏེ་རྩལ་ནུས་སྐྱེད་སྲིང་དང་། ལས་གནས་བཀོད་སྒྲིག ཕུགས་ཕན་རོགས་སྐྱོར་སྤེལ་རེས་བཅས་ལ་དམིགས་ནས་རྗེས་མཐུད་རོགས་སྐྱོར་གྱི་ཁ་ཕྱོགས་གསལ་པོ་བཟོས་ཡོད། ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པས་རྩལ་ནུས་མཐོར་གཏོང་དང་། རང་སར་ལས་གཏོད། ཕྱི་ཕྱོགས་སུ་ལས་ཞུགས་རོགས་སྐྱོར་བཅས་ཀྱི་སྦྲེལ་ལམ་བཏོད་ཡོད།