གྲོང་ཁུལ་སྤྱི་གླིང་གིས་གྲོང་མིའི་སྐྱིད་སྣང་འཕེལ་བ།

林芝报-藏文版  2026-06-09

ཉིང་ཁྲིས་སྤྱི་ཁྱབ་ཧྲུའུ་ཅིས་ཀོང་པོའི་སྤྱི་གླིང་དུ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་གྲོང་ཁྱེར་སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད་དེ་ཀོང་པོ་སྤྱི་གླིང་གི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་26ཟིན་པ་དང་། སྡོང་ཕྲུག་རིགས་56བཏབ་པ། བདག་སྐྱོང་མི་སྣས་རྒྱུན་རྣམ་ཅན་གྱི་མེ་ཏོག་དང་རྩྭ་བཏབ་པས་དུས་བཞིའི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡོད་ལ་གྲོང་མིའི་སྤྲོ་གསེང་དང་ཡུལ་སྐོར་བའི་གནས་མཆོག་ཏུ་གྱུར་ཡོད།

གྲོང་ཁུལ་དུ་ད་དུང་སྤྱི་གླིང་ཆུང་གྲས་བཅུ་ལྷག་ཙམ་བསྐྲུན་པ་དེས་སྒོ་ཕྱེ་ནས་མིག་མདུན་དུ་སྔོ་ལྗང་གི་ཞིང་ཁམས་ལོངས་སྤྱོད་ཐུབ་པ་མངོན་འགྱུར་བྱུང་ཡོད།

གྲངས་གཞི་ལས་མངོན་པར། གྲོང་ཁུལ་གྱི་ན་ཁ་“ལོ་ལྔ་ཚན་བཅུ་བཞི་པའི”རིང་དང་བསྡུར་ན་སྨི་ངོས་གྲུ་ཁྲི་91.9འཕར་བ་དང་། སྔོ་འགྱུར་ཁྱབ་ཚད་40.39%བར་མཐོ་རུ་ཕྱིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་གི་ན་ཁ་སྨི་ངོས་གྲུ་16.1ཟིན་པ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་མཐོ་བ་ཡོད་པ་དང་རིམ་རྩིས་བྱས་ན་སྔོ་འགྱུར་མ་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་ཡོད་པ་རེད། གོམ་སྟབས་རྗེས་མར་ས་གནས་དེ་གས་འཆར་འགོད་ཁག་བཞི་བཟོས་ནས་སྔོ་འགྱུར་གྱི་སྤུས་ཚད་ལེགས་སུ་བཏང་སྟེ་སྡོད་མལ་དང་ལས་རིགས་ལ་འཚམ་པའི་ས་མཐོའི་སྐྱེད་ཚལ་གྲོང་ཁྱེར་གཏོད་རྒྱུ་ཡིན་པ་རེད།

ཡིག་སྒྱུར་མཁན། བདེ་སྐྱིད།