logo
查看本期全部内容

གངས་ལྗོངས་ས་མཐོའི་འཇའ་སྒྲིག་བརྙན་བཤེལ་གྱི་ཕོ་ཉ་པད་མ་རྡོ་རྗེ།

林芝报-藏文版&nbsp&nbsp2026-06-05

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྣང་རྫོང་གི་ཏང་ཡོན་པད་མ་རྡོ་རྗེས་གྲོང་གསེབ་ཏུ་གློག་བརྙན་ལོ་ངོ་31བསྟན་པ་དང་། ཁོང་ནི་1995ལོར་ཏང་ནང་ཞུགས་པ་དང་སྔ་རྗེས་སུ་ས་གནས་དེ་གའི་སྲིད་འཛིན་གྲོང་ཚོ་17བསྐྱོད་ནས་གློག་བརྙན་ཐེངས་4000ལྷག་ཙམ་བསྟན་པ་དང་ལམ་ཐག་སྤྱི་ལེ་ཁྲི་4ལྷག་ཙམ་ཟིན་ཡོད། ཕྲག་ཐོག་གི་སྤྱིན་ཤོག་སྒྲིག་ཆས་ནས་གྲངས་གཞི་ཅན་གྱི་འཁྱེར་བདེའི་ཡོ་ཆས་བར་ཁོང་གིས་གཞི་རིམ་གྱི་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་བྱ་འཕུར་བ་ལྟར་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་ཡོད། ད་ཆ་གློག་བརྙན་ལྟ་བའི་ཐབས་ལམ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་མོད་འོན་ཀྱང་ཁོང་གིས་སྔར་བཞིན་རི་ཁུག་གི་འབྲོག་ར་དང་དབྱར་རྩྭ་དགུན་འབུའི་སྔོག་འཐུ་ས་ཚིགས་སུ་བསྐྱོད་དེ་གྲོང་གསེབ་ཏུ་གློག་བརྙན་སྟོན་པ་དང་། གཞི་རིམ་གྱི་རིག་གནས་སྒྲོག་འགྲེལ་གཏིང་ཟབ་བྱས་པས་ཁོང་ལ་རིམ་ཁག་གློག་བརྙན་སྟོན་མཁན་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐེངས་མང་ཐོབ་ཡོད། ཁོང་གིས་ལོ་མང་རིང་མི་གཅིག་གིས་གློག་བརྙན་སྟོན་པའི་དམ་བཅའ་བརྟན་སྲུང་བྱས་པས་ད་ལྟ་གངས་ལྗོངས་ས་མཐོའི་འཇའ་སྒྲིག་བརྙན་བཤེལ་གྱི་ཕོ་ཉ་ལྟ་བུར་འགྱུར་ཡོད།

ཡིག་སྒྱུར་མཁན། བདེ་སྐྱིད།

查看本期全部内容