logo
查看本期全部内容

སྐབས་གཉིས་པའི་གྲོང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དང་ 2025ལོའི་ལོ་འཁོར་གྱི་ཆེད་དོན་ཁྲིམས་གླེང་ཚོགས་འདུ་འཚོགས་པ།

林芝报-藏文版&nbsp&nbsp2026-06-05

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་4ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཔའ་དར་གྱིས་སྐབས་གཉིས་པའི་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའམ་2025ལོའི་ལོ་འཁོར་གྱི་ཆེད་དོན་ཁྲིམས་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཁྲིམས་སྐྱོང་དང་སྒྱུར་བཅོས། འཕེལ་རྒྱས། བརྟན་ལྷིང་བཅས་ཕན་ཚུན་གཞོགས་འདེགས་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ། ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་། སྔོན་དཔག་དུས་རིམ་དང་ཕུགས་ཕན་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ལ་བརྟེན་ནས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་དེ་དམ་འཛིན་བྱ་གཞིར་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་དང་ཁྲིམས་སྐྱོང་འགན་འཁྲིའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་སྐྱོང་གི་ཉིང་ཁྲི་འཛུགས་སྐྱོང་བྱ་རྒྱུའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་བཏོན་ཡོད།

ཚོགས་འདུའི་ཐོག ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།“གཏན་འཁེལ་གཉིས”ཀྱི་གཏན་འབེབས་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རང་རྟོགས་ངང་ཁྲིམས་སྐྱོང་འཛུགས་སྐྱོང་དེ“དོན་ཆེན་བཞིར”དམིགས་པ་དང་“གསར་གཏོད་བཞིའི”ཁྲོད་ཞིབ་འཇུག་བསམ་གཞིག་དང་ཇུས་འགོད་སྐུལ་འདེད་གཏོང་བའི་ཐོག་འཇོག་པ། ཁྲིམས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་དང་། ས་མཐོའི་སྣོད་བཅུད་སྲུང་སྐྱོང་། མཐའ་བརྟན་འགོག་སྲུང་འགན་ལེན། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་ལག་བསྟར་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཁྲིམས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས། ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གཞུང་དྲང་ཁྲིམས་འཛིན་གྱི་མཐའ་ཚད་བརྟན་སྲུང་བྱེད་པ། དམངས་ཡོངས་ཀྱི་ཁྲིམས་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག ཏང་གི་འགོ་ཁྲིད་དེ་ཁྲིམས་སྐྱོང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་འཛུགས་དང་ལག་ལེན་བསྟར་བ། ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་ཀའི་འགན་འཁྲི་ནན་དཀྲིས་བྱེད་པ། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་ཁྱེར་ཁྲིམས་ལྟར་སྐྱོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

查看本期全部内容