logo
查看本期全部内容

གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

林芝报-藏文版&nbsp&nbsp2026-05-26

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གི་འོས་མི་དབྱིན་ལི་ཧྥེང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་ཡོད་ཅིང་། དབུ་ཁྲིད་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད། དཔལ་འབྱོར་གསར་སྤེལ་ཁུལ་མཐའ་སྐོར་གྱི་ཆུ་ལམ་མདུན་དུ་སྙིགས་རོ་སྤུངས་པ་དང་འཚོ་བའི་གད་སྙིགས་གང་བྱུང་དུ་དབྱུག་པའི་དག་ཐེར་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་གནང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་བྱ་རྒྱུ་དེ་གྲོང་ཁྱེར་བཅོས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད་མི་དང་དངོས་པོ། ལག་རྩལ་བཅས་ཕྱོགས་གསུམ་གྱི་ཐད་ནས་འགོག་སྲུང་བྱེད་པར་ཤུགས་སྣོན་རྒྱག་པ། གཅིག་ཤེས་ཀུན་གྲོལ་དང་། ཚིགས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད། རྩ་ལག་མཉམ་བཅོས་བཅས་བྱས་ཁར་གད་སྙིགས་དབོར་འདྲེན་གཙང་སེལ་ཚད་ལྡན་ནན་པོ་བཟོ་བ་དང་ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་ཁོར་ཡུག་དེ་བས་གཙང་བ་དང་། དེ་བས་མཛེས་སྡུག་ལྡན་པ། དེ་བས་འཚོ་སྡོད་ལ་འཚམ་པ། དེ་བས་སྐྱིད་སྣང་དོད་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

བྲག་ཡིབ་གྲོང་རྡལ་ལ་སྟེང་ཁ་གྲོང་ཚོའི་སྡོང་ཕྲུག་ར་བར་ཕེབས་སྐབས་ནགས་རྩྭའི་ས་ཆ་བེད་སྤྱོད་བྱེད་པའི་འབྲེལ་ཡོད་གནས་ཚུལ་དང་དེ་བཞིན་དག་ཐེར་འཕེལ་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད་ཅིང་རིམ་པ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ནགས་རྩའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་སྲུང་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་སླར་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ། དུས་མཇུག་གི་སྐྱེ་ཁམས་སླར་གསོའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རི་བོ་སྔོ་ལྗང་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

བརྟག་ཞིབ་གནང་སྐབས་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་སྒྲིག་སྲོལ་གསར་གཏོད་དང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལྟ་བཤེར་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་། དག་ཐེར་འགན་འཁྲི་དོན་འཁྱོལ་ནན་པོ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐབས་འཕྲལ་བཅོས་སྒྲིག་དང་ཕུགས་ཕན་སྲོལ་འཛུགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚིགས་དང་ཁྱོན་ཡོངས་ལ་བཅོས་སྐྱོང་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ། དུས་བཀག་ལྟར་ལས་གནས་གཏན་འཁེལ་བྱེད་པ། འགན་འཁྲི་གཏན་འཁེལ་དང་མི་གཏན་འཁེལ་གྱིས་རེ་རེ་བཞིན་དག་ཐེར་ལེགས་སྒྲུབ་ཡོང་བ་བྱས་ཏེ་གནད་དོན་རྐྱང་པ་ཐག་གཅོད་བྱེད་པ་ནས་རིགས་གཅིག་གི་གནད་དོན་ཐག་གཅོད་བྱེད་པའི་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་བྱས་ཏེ་གནད་དོན་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་ཇུས། སྔ་ཙམ་ནས་ཐག་གཅོད་བཅས་ཐུབ་པ་བྱས་ཏེ་ཉིང་ཁྲིའི་སྲོག་ཆགས་དང་རྩི་ཤིང། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ།དྲུང་ཆེ་ཏོན་ཀང་ཧུད་བརྟག་ཞིབ་ནང་ཞུགས་ཡོད་པ་རེད། ཡིག་སྒྱུར་མཁན། བདེ་སྐྱིད།

查看本期全部内容