གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་གནང་བ།

林芝报-藏文版  2026-05-22

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་20ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་འོས་མི་དབྱིན་ལི་ཧྥུང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དབྱངས་ཅན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སངས་རྒྱས་གྲགས་པ་བཅས་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཚེ་དབང་འཇིགས་མེད་སོགས་འགོ་ཁྲིད་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་གནང་ཞིང་། ཁོང་རྣམ་པའི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་ཚོས་དུས་ཡུན་རིང་པོའི་ནང་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། འབྲེལ་ཡོད་སྡེ་ཚན་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་ཞུའི་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱེད་དགོས་པའི་མངག་བཅོལ་གནང་ཡོད།

དཔའ་དར་དང་དབྱིན་ལི་ཧྥུང་གིས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནང་འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཚོའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། མིག་སྔར་ཉིང་ཁྲི་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་ཡོད་པས་འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་། རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ། དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ་བཅས་བྱས་ནས་ཉིང་ཁྲིའི་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀར་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཉིང་ཁྲིའི་དཔལ་འབྱོར་འཕར་སྣེ་གསར་པ་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་དམ་པོར་དམིགས་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། གོ་སྐབས་དམ་འཛིན་དང་། སེམས་ནུས་གཅིག་སྒྲིལ། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་ཀྲུང་གོའི་དེང་རབས་ཅན་གྱི་ཉིང་ཁྲིའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས་ཡོད་པ་རེད།

འགོ་ཁྲིད་ལས་བྱེད་པ་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཚོས་ཉེ་བའི་ལོ་ཤས་རིང་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་ཚོས་མུ་མཐུད་སེམས་ནུས་ལྷག་མ་འདོན་སྤེལ་དང་། ཐོག་མའི་བསམ་འདུན་ཡིད་ལ་བཅངས་ནས་ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ་ཉིང་ཁྲི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རྣམ་འགྱུར་བཏོན་ཡོད་པ་རེད།

ལི་ཞོན་དབྱིན་དང་ཏོན་ཀང་ཧའེ་ཚོགས་འདུར་ཞུགས་ཡོད་པ་རེད། ཡིག་སྒྱུར་མཁན། བདེ་སྐྱིད།