logo
查看本期全部内容
སྣང་རྫོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
林芝报-藏文版&nbsp&nbsp2026-05-22
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་གཞི་རིམ་དུ་ཁྱབ་གདལ་དང་མི་སེམས་སུ་ཟུག་པ་བྱ་ཆེད། ཉེ་ཆར་སྣང་རྫོང་རྫོང་ཨུད་དྲིལ་བསྒྲགས་པུས་གཞི་རིམ་གྱི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་ལ་ཐོག་ཤང་རྩྭ་གྲོང་ཚོ་དང་སྐྱེ་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་ནང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75ཡི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་དམིགས་པ་དང་སྣང་རྫོང་འཕེལ་རྒྱས་ཀྱི་དོན་དངོས་དང་མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་གསར་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པའི་ཡུལ་སྐད་དང་མིག་མཐོང་ལག་ཟིན་ཐུབ་པའི་འཕེལ་རྒྱས་ཀྱི་ཕན་འབྲས་དང་དམངས་འཚོའི་བདེ་སྐྱིད་ལས་མང་ཚོགས་ལ་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་ཆེ་བའི་གཉའ་གནོན་རྒྱས་བཤད་གཏིང་ཟབ་བྱས་པ་དང་དུས་རབས་གསར་པའི་བོད་ཀྱི་བདེ་སྡོད་ལས་བརྩོན་དང་དམངས་འཚོ་འགན་ལེན་སྲ་ཞིང་བརྟན་པ། སྐྱེ་ཁམས་ཁོར་ཡུག་མཛེས་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་གསོན་ཉམས་དོད་པོས་མངོན་ཡོད། རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་བྱ་གཞག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བའི་བར་གྱི་བྱ་བ་དངོས་རེ་རེ་དང་འགྱུར་ལྡོག་རེ་རེ་ལས་མང་ཚོགས་ཚོས་ལོ་ངོ་75ཡི་རིང་གི་བོད་ཀྱི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཚོར་ཐུབ་པ་བྱུང་ཡོད་པ་མ་ཟད། “ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད།”ཅེས་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྡུད་བྱས་པ་རེད།
查看本期全部内容