ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གྲངས་འཛིན་ཇ་ཞིང་ཐོག་མ་བསྐྲུན་ནས་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ།

林芝报-藏文版  2026-05-22

འདི་ག་ཚཊ་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གྲངས་འཛིན་ཇ་ཞིང་ཐོག་མ་དེ་བསྐྲུན་ཟིན་ནས་ཚོད་ལྟའི་ངང་སྤྱོད་འགོ་ཚུཊ་པའི་དུས་མཚམས་སུ་སླེབས་པ་དེ་ཐོག་ནས། མེ་ཏོག་གི་ཇའི་ཐོན་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་ཕྱོཊ་སྒྱུར་བྱུང་བ་མཚོན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། གྲངས་འཛིན་ཇ་ཞིང་རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་367.26བཏང་ཞིང་། འཛུགས་སྐྲུན་བྱ་ཡུལ་ནི་སྒོར་སྒོར་ཐང་ཇ་ཞིང་དང་དགྱེ་གླིང་ཇ་ཞིང(ཚྭ་ཆུ་ཁའི་ཇ་ཞིང་དང་གཏེར་ཀོང་ཇ་ཞིང་གཉིས་ལ་གློག་མིག་ལས་བསྒར་མེད་པ)གཉིས་རེད། གྲངས་འཛིན་ཇ་ཞིང་དུ་བསྒར་བའི་རིག་ནུས་ཚོར་ཆས་དང་རབ་གསལ་གློག་མིག་སོགས་སྒྲིག་ཆས་ཀྱིས་ཇ་ཞིང་གི་དྲོད་ཚད་དང་། བརླན་ཚད། སེར་ལངས་ཚུལ། ཉི་འོད་ཕོག་ཚད་སོགས་ཀྱི་གྲངས་གཞི་དུས་ཐོག་ཏུ་ཚུར་ལན་སྤྲོད་ཐུབ་པ་དང་། G5དང་། ཟོག་འབྲེལ་དྲ་རྒྱ། གྲངས་གཞི་ཆེ་མོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལས་ཇ་ཞིང་དུ་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། ནད་འབུའི་གནོད་འཚེའི་སྔོན་བརྡ། རྒྱང་ཁྲིད་གཡོག་བྱེད་སོགས་ཀྱི་ནུས་པ་གཅིག་སྡུད་ཐུབ་ནས“གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་རིག་ལྡན་གཡོག་བྱེད་མ་ལག་ཅིག་གྲུབ་ཡོད།

མེ་ཏོག་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་གྲངས་འཛིན་ཇ་ཞིང་གིས“སྲོལ་རྒྱུན་གྱི་གཡོག་བྱེད་གནད་སྨིན་མིན་པ་དང་ལས་ཕྱོད་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་མ་ཟད། ཇ་ཞིང་གི་དོ་དམ་དེ‘ཉམས་མྱོང’ལ་བརྟེན་པ་ནས‘གཞི་གྲངས་ལ་ལྟ་བའི’ཕྱོགས་སུ་འགྱུར་བར་སྐུལ་འདེད་ཀྱང་བཏང་སྟེ། མེ་ཏོག་གི་ཁྱད་ལྡན་ཇའི་ཐོན་ལས་ཀྱི་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཚན་རྩལ་གྱི་སྒུལ་ནུས་བསྣན་ཡོད”ཅེས་བརྗོད་པ་རེད།