སྤོ་བོ་རྫོང་གིས“ཏེན་གྱི་བདེ་ཐང་ཤེས་བྱའི”བརྗོད་དོན་གཙོ་བོར་དམིགས་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

林芝报-藏文版  2026-05-22

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཡུལ་ནད་སྔོན་འགོག་ཚོད་འཛིན་ཤེས་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་ནད་འགོག་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། སྤོ་བོ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས“ཏེན་གྱི་བདེ་ཐང་ཤེས་བྱའི”བརྗོད་དོན་གཙོ་བོར་དམིགས་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འཕྲེད་འགེལ་སྦྱར་ཚིག་འགེལ་བ་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། ཚན་རིག་ཁྱབ་གདལ་གྱི་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་སློབ་གསོ་སྤེལ་ཞིང་། ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་ལ་ཏེན་མི་འདང་བའི་ནད་དང་། གྲུམ་བུའི་ནད་སོགས་རྒྱུན་མཐོང་ཡུལ་ནད་ཀྱི་གནོད་འཚེ་དང་། སྔོན་འགོག་བྱེད་ཐབས། དེ་བཞིན་གཙོ་གནད་ཐོག་ཚད་ལོན་པའི་ཏེན་ཚྭ་དབྱེ་འབྱེད་དང་ཚན་རིག་དང་མཐུན་པའི་ཉར་ཚགས། བཟའ་བཅའ་ཚད་ལྡན་ངང་སྤྱོད་པ་སོགས་ཀྱི་ཤེས་བྱར་གསལ་འགྲེལ་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་བཟའ་བཏུང་གི་གོམས་གཤིས་ངན་པ་ཡོ་བསྲང་དང་ནད་གཞི་སྔོན་འགོག་བྱ་རྒྱུར་རམ་འདེགས་བྱས་ཡོད།