logo
查看本期全部内容

གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་5འཚོགས་པ།

林芝报-藏文版&nbsp&nbsp2026-05-22

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5པའི་ཚེས་20ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མཛེས་སྡུག་ལྡན་པའི་ཉིང་ཁྲི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གི་འོས་མི་དབྱིན་ལི་ཧྥེང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོ་ཚུང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་སོགས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཝང་ནཱ་ཡིས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ།གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མུ་མཐུད་ཆེ་རུ་གཏོང་བ།གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་གནད་དོན་གསར་པར་རང་འགུལ་ངང་ཐག་གཅོད་བྱས་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ།སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་དང་སྣོད་བཅུད་ཁོར་ཡུག་གི་ལེགས་ཆར་གཞི་ཚུགས་ཏེ་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས།སྣོད་བཅུད་དམངས་ཕན་བཅས་ཀྱི་ཐད་རྒྱུན་མཐུད་ངང་གཅིག་སྡུད་ཤུགས་འདོན་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཅིག་གྱུར་ཐུབ་པ་བྱེད་དགོས་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ།སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པར་ཞིབ་བཤེར་བྱེད་པའི་ཚད་འཇལ་ཁྲེ་ཙེ་གལ་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཕྱིར་ལྡོག་གནད་དོན་དག་ཐེར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ།ཁྱོན་ཡོངས་ནས་བཅོས་སྐྱོང་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།མིག་སྔའི་སྒྱུར་བཅོས་དང་ཡུན་རིང་འཛུགས་སྐྱོང་ཟུང་འབྲེལ་གཏིང་ཟབ་བྱས་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་འགན་འཁྲིར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔ་ཚན་བཅོ་ལྔ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཡིག་སྒྱུར་མཁན། བདེ་སྐྱིད།

查看本期全部内容