2026ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕཊ་འབར་བའི་ས་མཐོའི་ལུས་རྩལ་ཚོཊ་ཆེན།

“གནམ་ལྕགས་འབར་བ་བུམ་པའི”ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།

林芝报-藏文版  2026-05-19

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་16ཉིན། 2026ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་“གནམ་ལྕགས་འབར་བའི་བུམ་པའི”ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དེ་ཉིང་ཁྲི་གྲོང་ཁྱེར་དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་སུ་འགོ་ཚུགས་ཤིང་། འགྲན་བསྡུར་ཐོག་མ་དེ་ནི་མགྲོན་བདག་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཐུས་མི་རུ་ཁག་དང་འགྲན་བསྡུར་བྱས་པ་རེད། ཕྱོགས་གཉིས་པོའི་སྤོ་ལོ་རྒྱག་མཁན་ཚོས་ཕར་རྒོལ་དང་འགོག་སྲུང་།བརྗེ་སྒྱུར་བཅས་ངོ་མཚར་ཆེ་བའི་འགྲན་བསྡུར་ཛ་དྲག་པོ་བྱས་ཡོད་ལ་རྩེར་སོན་གྱི་སྤོ་ལོའི་ལག་རྩལ་ལ་བརྟེན་ནས་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ་སྐབས་འདིའི་ས་མཐོའི་ལག་རྩེད་སྤོ་ལོའི་འགྲན་ཚོགས་གཟབ་རྒྱས་ངང་དངོས་སུ་འགོ་ཚུགས་ཡོད་པ་རེད། ཡིག་སྒྱུར་མཁན། བདེ་སྐྱིད།