logo
查看本期全部内容

གྲོང་ཨུད་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གིས་2026ལོའི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

林芝报-藏文版&nbsp&nbsp2026-05-19

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དཔའ་དར་གྱིས་གྲོང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་2026ལོའི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2025ལོ་ཚུན་གྱི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ། 2026ལོའི་ལས་ཀའི་གཙོ་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་2025ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཕྱི་དོན་དང་མཐའ་སྲུང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དབར་གྱི་འགྲོ་འོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་དང་། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཏན་ཏིག་བྱས་པ། མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། གྲོང་ཁྱེར་ཡོངས་ཀྱི་ཕྱི་དོན་དོ་དམ་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་བརྟན་དུ་ཕྱིན་ཡོད་ཅེས་སྟོན་ཡོད།

ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ཕྱི་དོན་མཐའ་སྲུང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། དམ་པ་དོན་གཉེར་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང་བྱེད་དགོས།

ཕྱི་དོན་མཐའ་སྲུང་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་རང་རྟོགས་ངང་བརྩི་སྲུང་དང་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཀུན་འདུས་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཧི་མ་ལ་ཡ་སྐོར་བའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྤུས་ཚད་མཐོ་པོས་ཡག་པོ་གཉེར་བ་སོགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་བ་བཅས་བྱས་ཏེ་ཉིང་ཁྲི་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་ཧུར་ཐག་གཏོད་དགོས། ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་དང་བརྟན་སྲུང་གི་རྣམ་པ་གཏོད་པ་དང་། དུས་རབས་གསར་པའི་མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། “ལྔ་མཉམ་ལྔ་བརྟན”གྱི་ཆ་སྒྲིག་མཉམ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། མཐའ་སྲུང་སྲ་བརྟན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་གི་མཉམ་འགུལ་བཟང་པོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་ཕྱི་དོན་ལས་དོན་དང་མཐའ་སྲུང་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དང་། གྲོས་མོལ་ཞིབ་འཇུག་བརྡར་གཅོད། འཕྲལ་སྡོམ་ཐག་གཅོད། ལྟ་ཞིབ་དཔྱད་བསྡུར་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་ཁག་གིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ། གོང་འོག་མཉམ་འགུལ། མཐུན་སྦྱོར་ནུས་ཆེ་བཅས་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།

གྲོང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་རེད།

ཡིག་སྒྱུར་མཁན། བདེ་སྐྱིད།

查看本期全部内容