གྲོང་ཨུད་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཚོགས་འདུ་ཐེངས་125འཚོགས་པ།

林芝报-藏文版  2026-05-19

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་སྐབས་གཉིས་པའི་ཚོགས་འདུ་ཐེངས་125གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་ཚན་རྩལ་གྱིས་ནུས་པ་འདོན་ཤུགས་ཆེ་རུ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། རིག་ནུས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ལས་སྟེགས་འཛུགས་སྐྲུན་དང་སྔོན་ཐོན་ལག་རྩལ་སྒྲིག་ཆས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། གནོད་འཚེ་བཅོས་སྐྱོང་བྱ་རྒྱུ་དེ་སྔོན་ཚུད་ནས་སྔོན་འགོག་བྱ་རྒྱུར་སྐུལ་འདེད་གཏོང་བ། ནགས་ཚལ་མེ་ཟོན་དེ་རིག་ལྡན་ཅན་གྱི་ཆ་འཕྲིན་ཅན་དུ་བསྒྱུར་བ་དང་། བདེ་འཇགས་ཐོན་སྐྱེད་དེ་རྒྱུན་རྣམ་དང་ཕུགས་ཕན་ཕྱོགས་སུ་སྒྱུར་བ། འཕྲལ་སྡོམ་རོགས་སྐྱོབ་དེ་བདེ་འཇགས་ཆེ་མོ་དང་འཕྲལ་སྡོམ་མཉམ་འགུལ་ཆེ་མོའི་ཕྱོགས་སུ་སྒྱུར་བ། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རིག་སྟོབས་གཅིག་སྡུད་དང་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱེད་པ། རིགས་ཁག་གི་ཚན་ཞིབ་སྒྲིག་གཞི་དང་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རིགས་ཁག་གི་ཁེ་ལས་ཀྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་ས་མཐོའི་སྤྱོད་གོ་ཆོད་པའི་ལག་རྩལ་འགག་སྒྲོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐབས་བརྒྱ་ཇུས་སྟོང་ངང་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པ་དང་གཞོན་ནུ་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ལས་བཀུར་ལེགས་སྐྱེས་དང་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་སྟོན་ཡོད། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་ནས་མང་ཚོགས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རིགས་དབྱེ་དང་གོ་རིམ་ལྡན་པ། ཡུག་ཁུལ་ཅན་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་“ཞིང་གསུམ”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་བྱེད་ཀྱིན་དུ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་ལ་སྣང་ཆེན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་གི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། བྱེད་པོའི་འགན་འཁྲི་དང་“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱེད་པ། ལས་ཀའི་འགག་གནད་དང་དཀའ་གནད་ལ་དམ་པོར་དམིགས་པ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་བཅོས་སྒྲིག་གི་ཕན་འབྲས་དངོས་ཚོར་ཐུབ་པ་བྱེད་དགོས།

བསྡོམས་རྩིས་ལས་དོན་གྱི་ཆབ་སྲིད་ངོ་བོ་སྟངས་འཛིན་ནན་པོ་བྱེད་པ་དང་། ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་དབང་སྒྱུར་མཐའ་འཁྱོངས་བྱེད་པ། འབྱུང་རྩའི་གྲངས་གཞིའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། ཁྲིམས་སྲོལ་གྱི་དམར་ཐིག་ནན་པོ་སྲུང་བ། བསྡོམས་རྩིས་ཀྱི་མི་བདེན་རྫུན་སྒྲིག་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ། བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་ཀྱི་འགོག་སྲུང་འཛིང་རགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་བསྡོམས་རྩིས་ལས་དོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཐད་སླར་ཡང་གཏིང་ཟབ་ཏུ་གཏོང་བ། གནད་དོན་དག་ཐེར་ཐད་དང་དཔེ་མཚོན་སྣེ་ཁྲིད་ཐད་སླར་ཡང་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་དང་ཕུགས་ཕན་ཐད་སླར་ཡང་འཚོལ་ཞིབ་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འདུ་ཤེས་ཟམ་མི་ཆད་པར་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་ཀའི་གྲུབ་འབྲས་དངོས་གསར་གཏོད་ཧུར་ཐག་བྱ་དགོས་ཞེས་ནན་བཤད་གནང་ཡོད། ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། ཡིག་སྒྱུར་མཁན། བདེ་སྐྱིད།