སྣང་རྫོང་གིས་རིན་མེད་ཁྲག་འབུལ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་བ།

林芝报-藏文版  2026-05-15

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཁྲག་སྦྱིན་གཏོང་བའི་གྲོས་འགོའི་ཡི་གེ》དང་ལེན་ཧུར་ཐག་ཞུས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ནད་བཅོས་སྲོག་སྐྱོབ་བྱེད་པའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁྲག་དྲོན་ལ་བརྟེན་ནས་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱ་ཆེད། ཟླ་5ཚེས་8ཉིན་སྣང་རྫོང་ལྟེ་བའི་ཁྲག་མཛོད་ཀྱིས་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་དང་མཉམ་དུ་རྫོང་གྲོང་དུ་ཁྲག་འབུལ་བའི་སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

པར་རིས་འདི་ནི། བཅའ་སྡོད་དཔུག་དམག་ག་གེ་མོའི་དམག་མིས་་རིན་མེད་ཁྲག་འབུལ་བཞིན་པ།