logo
查看本期全部内容
སྣང་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་སྒྲོམ་མདའ་གྲོང་ཚོར་ཞོག་མངར་འདེབས་འཛུགས་རྟེན་གཞི་རྒྱས་སྐྲུན་བྱ་རྒྱུར་མཛུབ་ཁྲིད་བྱས་པ།
林芝报-藏文版&nbsp&nbsp2026-05-15
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞོག་མངར་འདེབས་འཛུགས་ཀྱི་འགག་རྩའི་དུས་སུ་སླེབས་པས་སྣང་རྫོང་སྒྲོམ་མདའ་གྲོང་རྡལ་གྲོང་མདའ་གྲོང་ཚོའི་ཞིང་ནང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞོག་མངར་འདེབས་འཛུགས་ཀྱི་ཞིང་ནང་དུ་བསྐྱོད་དེ་གྲོང་མི་ཚོར་ཞོག་མངར་འདེབས་འཛུགས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་དང་། སྒྲོམ་མདའ་གྲོང་ཚོའི་ཞོག་མངར་འདེབས་འཛུགས་རྟེན་གཞི་གཞི་ཁྱོན་ཅན་གྱི་རྒྱས་སྐྲུན་ལ་རམ་འདེགས་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱས་པ་རེད།
ལག་རྩལ་མི་སྣས་ས་གནས་ས་ཐོག་ཏུ་ཞོག་མངར་འདེབས་སྟངས་དཔེ་སྟོན་བྱས་ཏེ་འཕྲེད་ཕྱོགས་འདེབས་འཛུགས་བྱ་ཐབས་གཙོ་གནད་ཐོག་ཁྱབ་གདལ་བཏང་བ་རེད། “ང་ཚོས་ཚོད་ལྟ་བྱས་མྱོང་ཞིང་། དེ་ལྟར་འཕྲེད་འདེབས་བྱས་ཚེ་ཐོན་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཞོག་དམར་རྐང་གཅིག་ལ་ཉུང་མཐར་ཡང་ཞོག་དམར་གསར་པ་བདུན་བརྒྱད་ཙམ་སྐྱེ་ཐུབ”ཅེས་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་གདན་ཞུ་བྱས་པའི་ལག་རྩལ་མི་སྣ་རྒན་ལིའུ་ལགས་ཀྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་སྒྲོམ་མདའ་གྲོང་ཚོའི་ཞོག་ཁོག་འདེབས་ཁྱོན་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཡུག་འབྲེལ་འདེབས་འཛུགས་ཁུལ་ཡུག་གཅིག་ཏུ་སྦྲེལ་ཡོད། དེ་ནི་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་ན་ནིང་སྒྲོམ་མདའ་གྲོང་ཚོའི་ཞོག་ཁོག་ཚོད་འདེབས་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་ཞིང་ལས་དུས་ཚོད་དམ་འཛིན་གྱིས་ཐོན་ལས་རྒྱས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ཉེ་བའི་ལོ་ཤས་རིང་སྣང་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་ཞོག་མངར་ཐོན་ལས་དེ་ཁྱད་ལྡན་ནུས་ཆེའི་ཞིང་ལས་འཕེལ་རྒྱས་ཀྱི་གཙོ་གནད་དུ་བརྩིས་ནས་ན་ནིང་སྒྲོམ་མདའ་གྲོང་ཚོའི་ཁྱབ་ཁོངས་ཆུང་ངུའི་ནང་ཚོད་འདེབས་བྱས་པར་ཕན་འབྲས་བཟང་པོ་ཐོན་རྗེས་འདི་ལོ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་སྒྲོམ་མདའ་གྲོང་ཚོ་ལྟེ་བར་བྱས་ཏེ་མཐའ་འཁོར་ས་ཁོངས་སུ་ཁྱབ་གདལ་བཏང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཚན་རྩལ་གྱི་མཛུབ་ཁྲིད་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཞོག་དམར་གྱི་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
“ན་ནིང་ང་ཚོས་ཚོད་འདེབས་ལེགས་གྲུབ་བྱུང་རྗེས་འདི་ལོ་གཙང་རྒྱུད་གྲོང་རྡལ་གསུམ་དུ་མུའུ་68བར་མང་དུ་བཏང་བའི་ནང་དཔེ་སྟོན་དུད་ཚང་38ཡོད་པ་དང་གཞན་ཡང་བྲག་ར་གྲོང་ཚོར་མུའུ་10ཡོད་པའི་ཚོད་ལྟའི་རྟེན་གཞི་ཞིག་བསྐྲུན་ནས་སོན་གསར་ཚོད་འདེབས་བྱས་པ་དང་། ང་ཚོ་ཞིང་ལས་ལག་རྩལ་མི་སྣས་ཐོག་མཐའ་བར་གསུམ་དུ་ཞིང་ནང་དུ་མཛུབ་ཁྲིད་བྱེད་ཀྱི་ཡོད། རྗེས་སུ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་དམ་པོར་དམིགས་ནས་ཆུ་ལུད་ལ་དོ་དམ་ཡག་པོ་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཡག་པོ་བྱས་ཏེ། འདི་ལོ་ཐོན་འབབ་ཡག་པོ་ཡོང་བའི་བརྩོན་ལེན་བྱས་ནས་མང་ཚོགས་ལ་འབབ་འཕར་མང་ཙམ་ཡོང་བ་བྱས་ཏེ་སྣང་རྫོང་གི་ཐོན་ལས་དར་རྒྱས་ཡོང་ཆེད་འབད་བརྩོན་བྱེད་ཀྱི་ཡིན”ཞེས་སྣང་རྫོང་ཞིང་ལས་གྲོང་གསེབ་ཅུད་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་སྤེན་པས་གསར་འགོད་པར་བཤད་པ་རེད།
ཞོག་མངར་གྱི་ཐོན་ལས་གཞི་ཁྱོན་ཅན་ལ་སྐུལ་འདེད་བཏང་ནས་སྒྲོམ་མདའ་གྲོང་ཚོ་དང་དེ་བཞིན་ཉེ་འཁོར་གྲོང་ཚོའི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གོམ་སྟབས་རྗེས་མར་སྣང་རྫོང་ཞིང་ལས་གྲོང་གསེབ་ཅུད་ཀྱིས་སྒྲོམ་་མདའ་གྲོང་ཚོའི་ཚོད་འདེབས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྨང་གཞིར་བྱས་ཏེ་ཞོག་དམར་སྐྱེ་འཚར་གྱི་འགག་རྩའི་དུས་སུ་དམ་པོར་དམིགས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལག་རྩལ་གསོ་སྦྱོང་དང་ཞིང་ནང་དུ་མཛུབ་ཁྲིད་བྱེད་པ་དང་། མྱུག་སོན་དོ་དམ་སྲུང་སྐྱོང་གི་རྗེས་སྙེག་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་དུད་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་རེད།
查看本期全部内容