མི་རབས་བཞིའི་སྙིང་གཏམ་ལས་དུས་རབས་ཀྱི་འཕོ་འགྱུར་མངོན་པ།
林芝报-藏文版  2026-03-31
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བ་ནས་མེད་པར་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད།ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་སྤེ་པ་གྲོང་རྡལ་ཀྲང་པ་གྲོང་ཚོར་སྤྱི་བཏང་མིན་པའི་ཁྱིམ་ཚང་ཞིག་ཡོད།འདི་ལོ་དགོང་ལོ་83ལ་སླེབས་པའི་བགྲེས་སོང་འགྱུར་མེད་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་ཞིང་།ད་ཆ་ཁོང་གི་ཁྱིམ་ཚང་མི་རབས་བཞི་པར་སླེབས་ཡོད།
སྔ་དྲོར་འགྱུར་མེད་ཀྱི་ཁྱིམ་གྱི་སྒོ་རའི་ནང་སྤྲོ་སྣང་གི་ཁེངས་ཤིང་སྦྱིན་བདག་མ་ཁོང་གིས་ཤིང་ཏོག་དང་ཁ་ཏོག་སྣ་ཚོགས་སྒྲིག་བཞིན་ཡོད།དེ་རིང་ཉིང་ཁྲིར་ལས་ཀ་བྱེད་བཞིན་པའི་ཚ་མོ་དང་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་ཚ་མོ་ཆུང་བ་ནང་དུ་ལོག་རྒྱུ་ཡིན་པས་དེ་རིང་གི་མཉམ་འཛོམས་ཆེད་ནང་མི་ཚང་མས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཡོད་པ་རེད།
བོད་བཟོའི་ཚོམས་ཆེན་ནང་མི་རབས་བཞི་མཉམ་འཛོམས་བྱུང་ནས་དགོད་སྒྲས་ཁེངས་བཞིན་ཚ་མོ་ཚོ་དང་བགྲེས་སོང་འགྱུར་མེད་ཕན་ཚུན་གཏམ་གླེང་བྱེད་བཞིན་ཡོད། ཁོང་ནི་1946ལོར་བོད་རྙིང་པའི་སྐབས་སུ་སྐྱེས་ཤིང་བོད་རྙིང་པར་ཁོང་ནི་ཞིང་བྲན་བདག་པོའི་ཁྱིམ་གྱི་ཕྱུགས་རྫི་བ་ཞིག་ཡིན་ཞིང་།སྐབས་དེ་དུས་ནང་མི་ཚང་མས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བར་ཞིང་བྲལ་བདག་པོར་ཁྲལ་འུ་ལག་རྒྱུག་ཀྱང་ཉིན་གཅིག་ལ་རྩམ་པ་དཀར་ཡོལ་ཆུང་ཆུང་གང་ལས་ལས་མེད་ཅེས་བགྲེས་སོང་འགྱུར་མེད་ཀྱིས་བརྗོད།
དམངས་གཙོ་བཅོས་བསྒྱུར་བྱས་རྗེས།འགྱུར་མེད་ཁྱིམ་ཚང་ལ་རང་ཉིད་ལ་དབང་བའི་འབྲི་གཡག་མགོ་གྲངས་15ཡོད་པ་དེ་ནི་ཁོང་གི་ཁྱིམ་གྱི་རྒྱུ་ནོར་ཐོག་མ་དེ་ཡིན། འགྱུར་མེད་ཀྱིས་1970ལོར་གཟི་བརྗིད་ལྡན་པའི་ངང་ནས་ཏང་ནང་ཞུགས་པ་དང་།ཕྱིས་སུ་གྲོང་ཚོའི་ལས་བྱེད་པར་བདམས་ནས་ཁོང་གིས་ཕྲུ་གུ་ཚོར་རྒྱུན་དུ་གུང་ཁྲན་ཏང་མེད་ན་ང་ཚོའི་ཁྱིམ་ཚང་འདི་ཡང་མེད་ཅེས་བརྗོད་ཀྱི་ཡོད།
འདི་ལོ་དགོང་ལོ་53ལ་སླེབས་པའི་མི་འགྱུར་ནི་ཁྱིམ་གྱི་མི་རབས་གཉིས་པའི་ནང་གི་ཀ་བ་ལྟ་བུ་ཞིག་ཡིན་ཞིང་བོད་ལྗོངས་གསར་པར་སྐྱེས་པའི་ཁོང་ལ་དཀའ་སྤྱད་རྙིང་རུས་ཀྱི་སྙིང་སྟོབས་ཤིག་ལྡན་ཡོད།ཁོང་གི་གཉེར་སྐྱོང་འོག་ཁྱིམ་གྱི་ཐོན་ལས་མང་དུ་ཕྱིན་པ་མ་ཟད།ཡོང་འབབ་ཀྱང་ལོ་རེ་བཞིན་འཕར་བཞིན་ཡོད།
ཁྱིམ་གྱི་མི་རབས་བཞི་པ་ཡིན་པའི་ཚ་མོ་ཚེ་རིང་སྒྲོལ་མ་ད་ལྟ་བྲག་ཡུབ་ཆུད་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།བོད་རྙིང་པར་རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་ཐོབ་པའི་གོ་སྐབས་ཧ་ལམ་མེད་ཅིང་ད་ཆ་ཚེ་རིང་སྒྲོལ་མ་དང་ཁོང་གི་གཅུང་པོ་གཉིས་ཡངས་ཤིང་དཀར་ཆ་དོད་ལ་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་འཐུས་སྒོ་ཚང་བའི་སློབ་ཁང་ནང་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད།
བྲག་ཡིབ་ཆུད་སློབ་འབྲིང་གི་སློབ་མ་ཚེ་རིང་སྒྲོལ་མས“ང་ཚོའི་སློབ་གྲྭའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པ་མ་ཟད་ལུས་རྩལ་ཁང་དང་རྐང་རྩེད་སྤོ་ལོ་རྒྱག་ས་སོགས་ཡོད་ལ་ཚང་མ་སློབ་གྲྭའི་ཟ་ཁང་ནང་ཉིན་ལྟར་ཚལ་གསུམ་དང་ཐང་གཅིག་བཟའ་རྒྱུ་ཡོད། སློབ་མར་ད་དུང་འགན་ལེན་གསུམ་གྱི་གྲོན་དངུལ་ཡང་ཡོད།ཆེན་པོ་ཆགས་རྗེས་རང་ཉིད་རོལ་དབྱངས་དགེ་རྒན་ཞིག་བྱེད་འདོད་ཡོད་ཅེས་དགའ་སྤྲོ་དང་སྤོབས་སེམས་ཆེན་པོས་བརྗོད།
འགྱུར་མེད་ཀྱི་ཁྱིམ་ཚང་གི་མི་རབས་བཞིའི་ལས་དབང་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བདག་པོར་གྱུར་བའི་བསྡུས་རིས་དངོས་ཤིག་ཡིན་ཞིང་ས་མཐོའི་ས་གཞི་དེ་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་སྐྱོད་པ་དང་།དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པ།བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་བཅས་ཀྱི་རླབས་ཆེན་གྱི་མཆོང་སྐྱོད་བདེན་དཔང་བྱས་ཡོད།