logo
查看本期全部内容
ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་མ་བརྗེད།
——ཉིང་ཁྲི་གྲོང་ཁྱེར་གྱི་ཆུད་དང་རྫོང་ཁག་དང་ཚན་པ་ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ།
林芝报-藏文版&nbsp&nbsp2026-03-31
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་ཆེད། ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་ཆུད་དང་རྫོང་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་གཅིག་སེམས་གཅིག་ངང་ཏང་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་དང་སྤོ་བོ་རྫོང་། མེ་ཏོག་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ཀྱིས་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོཌ་ཤིང་། བྲག་ཡིབ་ཆུད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་500ལྷག་ཙམ་བྲག་ཡིབ་ཆུད་སྲིད་གཞུང་གི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་པ་རེད། སྤོ་བོ་རྫོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་གྱིས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་དྲན་གསོ་ཞུས་པ་མ་ཟད། གངས་ལྗོངས་ས་མཐོར་ལོ་ངོ་67རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བར་བསྔགས་བརྗོད་ཀྱང་བྱས་པ་རེད། ཀོང་པོ་རྒྱ་མདའ་རྫོང་གི་འབྲེལ་ཡོད་འགན་འཁུར་བས“2006ལོ་ནི‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པའི་ལོ་ཞིག་ཡིན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིནཔས་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའིི་འདུ་ཤེས་བརྟན་པོ་འཛུཊ་རྒྱུ་གཙོ་རྐང་དུ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྤྱི་ཚོཊ་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཟླ་3ཚེས་28ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་23པ་དང་བྲག་ཡིབ་ཆུད་ཉིང་ཁྲི་གྲོང་རྡལ་གྱི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དཀར་ལ་གྲོང་ཚོའི“ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད། དཀར་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ལོ་96ལ་སླེབས་པའི་ཁོང་གི་ཨ་མ་ལྷག་སྒྲོན་ཁྲིད་དེ་གཟིགས་སྟེགས་ཐོག་མཉམ་དུ་འཁྲབ་སྟོན་ལ་ལྟ་བཞིན་ཡོད་ཅིང་། སྤེན་པས“ངའི་ཨ་མས་ལོ་67གྱི་གོང་དུ་ཚང་མས་ད་དུང་ལྟོ་གོས་ཀྱི་ཆེད་དུ་སེམས་ཁྲལ་བྱེད་ཀྱི་ཡོད། དོ་སྣང་བྱེད་མཁན་མེད་པའི་རི་སྐྱེས་ཁམ་བུའི་མེ་ཏོག་དེ་དག་ད་ཆ་ཚང་མའི‘ཕྱུག་འགྱུར་མེ་ཏོག’ལ་འགྱུར་བ་ཁོང་གི་བསམ་ཡུལ་ལས་འདས་སོང་ཞེས་གསུངས་ཀྱི་འདུག”ཅེས་བརྗོད།
དྲན་ཤེས་ནང་གི་མུན་ནག་དང་རྗེས་ལུས་ཀྱི་བོད་རྙིང་པ་ནི་མིག་མདུན་གྱི་རྣམ་པ་དང་གཏན་ནས་མི་འདྲ་ཞིང་། གར་སྟེགས་ཐོག་ཡུལ་མི་ཚོས་ཏང་ལ་བསྟོད་གླུ་ལེན་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ལེན་བཞིན་སྤྲོ་སྣང་ལྡན་པའི་ཀོང་པོའི་ཞབས་བྲོ་འཁྲབ་པ་དང་། གར་སྟེགས་འོག་ཡུལ་སྐོར་བ་ཚོས་ཐལ་མོ་ཡང་སེ་རྡེབ་པ་དང་དགའ་འབོད་བྱས་ནས། ཚང་མའི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར། “ཀྲུའུ་ཞི་ཀརྨ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད་གནང་སྐབས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་ལ་རྒྱ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད་ཅེས་གསུངས་སོང”ཞེས་སྤེན་པས་བརྗོད་པ་དང་། ཁོང་གིས“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འདི་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་དང་། དཀར་ལ་གྲོང་ཚོའི་ཡུལ་མི་ཚང་མས་ལས་ལ་བརྩོན་ནས་བྱུང་བ་ཞིག་རེད། ན་ནིང་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀར་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཚང་མར་མུ་མཐུད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་གནང་བྱུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཧུར་ཐག་བཏོད་དེ། ཁམ་བུའི་མེ་ཏོག་གྲོང་ཚོའི་གཏམ་རྒྱུད་ལོ་རེ་བཞིན་ཡག་པོ་བརྗོད་ཀྱི་ཡིན”ཞེས་བརྗོད།
དཀར་ལ་གྲོང་ཚོའི་མང་ཚོགས་ཚོས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྒྱང་ལམ་དུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས། ལོ་ངོ་67གོང་གི་འཕོ་འགྱུར་རླབས་ཆེན་ལས་གངས་ལྗོངས་ས་མཐོར་སྐྱ་རེངས་བསུས་པ་དང་། ད་ཆའི་དཀར་ལ་འདི་ཉིད་དེ་བས་གདེང་ཚོད་ལྡན་པའི་གོམ་སྟབས་སྤོ་བཞིན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
ཟླ་3ཚེས་27ཉིན། བྲག་ཡིབ་ཆུད་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱིས“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ། སེམས་ནུས་གཅིག་སྒྲིལ་གྱིས་གཉིས་བཀུར་བདེ་སྐྱིད་ཁྱིམ་ཚང་མཉམ་དུ་སྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ལས་བྱེད་པ་དང་མང་ཚོགས་400ལྷག་ཙམ་མཉམ་དུ་འཛོམས་ཏེ་ཐུན་མོང་མ་ཡིན་པའི་ལོ་ཟླ་མཉམ་དུ་དྲན་གསོ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་མཉམ་དུ་གླེང་བ་བཅས་བྱས་པ་རེད།
ཟླ་3ཚེས་27ཉིན། བྲག་ཡིབ་ཆུད་སློབ་ཆུང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་བྱས་ཏེ་སྐད་གསང་མཐོན་པོས་མེས་རྒྱལ་དང་བོད་གསར་པར་བསྟོད་གླུ་ཕུལ་བ་རེད། ཟླ་3ཚེས་28ཉིན། བྲག་ཡིབ་ཆུད་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་སྒྲིག་འཛུགས་བྱས་ནས་དཀར་ལ་གྲོང་ཚོར་བསྐྱོད་དེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བགྲེས་སོང་ཚོས་སྔ་རྗེས་སུ་དཀར་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་མའི་རྟེན་གཞི་དང་། ཁམ་བུའི་མེ་ཏོག་ལྡུམ་རའི་མཛེས་ལྗོངས་ཁུལ་བཅས་ལ་ལྟ་སྐོར་བྱས་ཏེ་དཀར་ལ་གྲོང་ཚོས་བོད་རྙིང་པའི་ཞིང་བྲན་གྱི་འཚོ་བ་ནས་དུས་རབས་གསར་པའི་གྲོང་གསེབ་གསར་པའི་བར་གྱི་འཕོ་འགྱུར་ཆེན་པོ་མྱོང་ཚོར་ཐུབ་པ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤེས་རྟོཊ་བྱས་པ་རེད།
ཡིག་སྒྱུར། སྐལ་བཟང་གཡུ་སྒྲོན།
查看本期全部内容