logo
查看本期全部内容

ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་འགོ་ཚུགས་པ།

林芝报-藏文版&nbsp&nbsp2026-03-31

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་3པའི་ཚེས་25ཉིན་། ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་འགོ་ཚུགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ཏོན་ཧྲེང་ཆན་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཏོན་ཀང་ཧུའེ་དང་ལུའོ་ཧེང་ཝེ། ལིའུ་ཁྲུན་ཞང་། ཚེ་རིང་རྡོ་རྗེ་བཅས་ཚོགས་འདུར་ཞུགས་ཡོད།

དཔའ་དར་གྱིས་གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པར་འཚམས་འདྲི་གནང་ཡོད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་ཐེངས་མང་གནང་སྟེ་རང་རྒྱལ་གྱི་རིག་རྩལ་བྱ་གཞག་ཡུན་རིང་གོང་འཕེལ་གཏོང་བའི་གནད་དོན་གལ་ཆེན་ཁག་ལ་གསལ་བཤད་གཏིང་ཟབ་གནང་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་རིག་གནས་བྱ་གཞག་དར་རྒྱས་ཤུཊ་ཆེན་གཏོང་རྒྱུའི་ཐད་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད་པས་ང་ཚོས་རིག་རྩལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་བརྩི་སྲུང་མཁོ་འདོན་གནང་ཡོད་ཞེས་གསུང་།

དཔའ་དར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་དར་ཆ་བསྒྲེངས་པ་དང་ཁ་ཕྱོགས་གསལ་སྟོན་ཐད་འགན་འཁྲི་འཁུར་སེམས་མངོན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མངོན་འགྱུར་བྱེད་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། རིག་རྩལ་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐད་སྐྱོད་རྒྱུར་འགན་ལེན་བྱེད་དགོས་ཞེས་དང་། བརྩམས་ཆོས་རྩེ་གྲ་ཐོན་པ་དང་ཡིད་ཆེས་ཆེ་རུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་མངོན་པར་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་པ་དང་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་བྱས་ནས་རིག་རྩལ་ལས་དོན་གྱི“དམངས་སེམས་གཅིག་སྒྲིལ་དང་། དམངས་སེམས་དྲོད་པ། ཡིད་ཆེས་ཆེ་རུ་གཏོང་བ་”བཅས་ཀྱི་ནུས་པ་གང་ལེགས་མངོན་དགོས།སྒྱུ་རྩལ་གྱི་ཀུན་སྤྱོད་ལ་མཐོང་ཆེན་དང་སྤྱོད་བཟང་དར་སྤེལ་གཏོང་བའི་ཐད་རྣམ་པ་གསར་པ་མངོན་པ་དང་། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་དོན་གཉེར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་བསྒྲེངས་པ། ལས་ཀའི་སྤྱོད་ཚུལ་དང་སྒྱུ་རྩལ་གྱི་ཀུན་སྤྱོད་དར་སྤེལ། བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་བསམ་གཞིག་གཟབ་ནན་བཅས་བྱས་ནས་སྔོན་ཐོན་རིག་གནས་ལག་ལེན་བྱེད་མཁན་དང་སྤྱི་ཚོགས་དར་སྲོལ་གྱི་སྣེ་ཁྲིད་མཁན་ཞིག་བྱེད་དགོས།ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་མི་སྣའི་བསྡུ་རུབ་ཐད་ནུས་པ་གསར་པ་འདོན་སྤེལ་བྱེད་དགོས་ཏེ།རིམ་ཁག་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་ཞབས་ཞུ་བྱེད་སྟངས་ལེགས་སུ་བཏང་ནས་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་དེ་རིག་རྩལ་ལས་དོན་པའི་ཁྱིམ་གཞིས་སུ་འགྱུར་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ་རིག་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པ་བྱས་ནས་རིག་རྩལ་གསར་རྩོམ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། རིམ་ཁག་དྲིལ་བསྒྲགས་ཚན་པས་རིག་རྩལ་ལས་ཀར་མཛུབ་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་ཡོད།

ཏོན་ཧྲེང་ཆན་གྱིས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་གནས་དམངས་ཕན་དང་། སྤུས་རྟགས་གཏོད་པ། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་ཉིང་ཁྲི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིན་ཐང་གི་སྣེ་ཁྲིད་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་འདེད་ནུས་པ་བཅས་བསྣན་ཏེ་དུས་རབས་གསར་པའི་རིག་རྩལ་ལས་དོན་པའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་ཆེའི་རིག་རྩལ་ལས་དོན་པས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ །རང་རྟོགས་ངང་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། གསར་རྩོམ་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་དུས་རབས་ཀྱི་འཕོ་འགྱུར་གསོན་ཉམས་ལྡན་པའི་ངང་ཟིན་ཐོ་འགོད་པ། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྒྱུ་རྩལ་ལ་བརྟེན་ནས་བོད་ཀྱི་གཟུགས་བརྙན་བརྒྱུད་བསྒྲགས་བྱེད་པ། རིག་རྩལ་མཚམས་སྦྱོར་ལ་བརྟེན་ནས་ཉིང་ཁྲིའི་གཏམ་རྒྱུད་ཡག་པོ་ཤོད་པ། རིག་རྩལ་ལྷན་ཚོགས་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་སྐྲུན་ཆེད་རིག་རྩལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།

(ཡིག་སྒྱུར། བདེ་སྐྱིད)

查看本期全部内容