logo
查看本期全部内容

དཔའ་དར་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་སུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་འབྲེལ་ལས་དོན་བརྟག་ཞིབ་གནང་བ།

林芝报-藏文版&nbsp&nbsp2026-03-31

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་སུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་འབྲེལ་ལས་དོན་བརྟག་ཞིབ་ཀྱང་གནང་ཡོད།

ཁོང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།ཁྱོན་ཡོངས་ནས་ལྟེ་བར་ཞབས་ཞུ་སྤེལ་བའི་འབྲེལ་མཐུད་ས་ཚིགས་དང་ཤུགས་འདོན་བྱེད་ས་ཡང་དག་བཙལ་ཞིབ་བྱས་ནས་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་ཞིག་སྤོས་ཐུབ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་ཡོད།

དཔའ་དར་གྱིས་སྔ་རྗེས་སུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་ཁང་དང་། དྲུང་ཡིག་སྡེ་ཁག འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་དེ་བཞིན་གྲོང་ཁྱེར་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁང་བཅས་སུ་ཕེབས་ནས་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཁག་སོ་སོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ལས་དོན་སྙན་ཞུ་གསན་པ་དང་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་འབུལ་བར་ཁས་ལེན་གང་ལེགས་གནང་ཡོད།

ཁོང་གིས་མིག་སྔར་ཉིང་ཁྲི་ནི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་།དོན་ཆེན་བཞི་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་པ།སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་དུས་མཚམས་གལ་ཆེན་དུ་སླེབས་ཡོད།གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཁོངས་གཏོགས་ཀྱིས་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ལོར་ཉིང་ཁྲིའི་ལས་དོན་གྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་གཏིང་ཟབ་བྱས་ཏེ་ཕྱར་བ་གྲུ་འདེགས་དང་སྤྱི་ཡོངས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་ཡོད།

དཔའ་དར་གྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་།གདེང་ཚོད་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ།ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།བརྒྱུད་རིམ་ཧྲིལ་པོའི་མི་དམངས་ཀྱི་དམངས་གཙོ་ལག་ལེན་བསྟར་བ།རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་སྤྲད་པའི་ཁྲིམས་འཛུགས་དང་།ལྟ་སྐུལ།འདེམས་བསྐོ།གཏན་འབེབས་སོགས་ཀྱི་འགན་འཁྲི་གལ་ཆེན་བེད་སྤྱོད་ཡག་པོ་བྱེད་པ།མི་དམངས་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་འདུ་འཛོམས་དང་རིག་སྟོབས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྲིད་ཇུས་གལ་ཆེན་དོན་འཁྱོལ་དང་།རྣམ་གྲངས་གལ་ཆེན་སྐུལ་འདེད།གཙོ་གནད་ལས་དོན་དོན་འཁྱོལ་བཅས་བྱ་རྒྱུར་དམིགས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་དང་ལེན་བྱས་ནས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པ།འཐུས་མི་དང་ཨུ་ཡོན་གྱི་སྟོབས་ཤུགས་གཅིག་སྡུད་དང་།བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་འཐུས་མི་དང་ཨུ་ཡོན་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ།མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།འཐུས་མི་དང་ཨུ་ཡོན་གྱི་གྲོས་འགོ་དང་གྲོས་གཞི་བསྒྲུབ་རྒྱུ་དང་སྐབས་བརྗེའི་འདེམས་བསྐོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྨང་གཞི་བརྟན་དུ་གཏོང་བ་དང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ།འགོ་ཁྲིད་ཚན་ཁག་དང་།ལས་བྱེད་པའི་དཔུང་སྡེ།ལམ་ལུགས་མ་ལག་བཅས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ།སྒྱུར་བཅོས་གསར་གཏོད་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས་པའི་ནན་བཤད་གནང་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཏོན་ཀང་ཧུའེ་དང་ཧྲི་ཀྲང་གཞོན་པ་ལིའུ་ཁྲུན་ཞང་བརྟག་ཞིབ་ནང་ཕེབས་རོགས་ཞུས་ཡོད་པ་རེད།

(ཡིག་སྒྱུར། བདེ་སྐྱིད)

查看本期全部内容