logo
查看本期全部内容
ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ།
林芝报-藏文版&nbsp&nbsp2026-03-31
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3པའི་ཚེས་28ཉིན་། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་སོགས་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་མཉམ་དུ་ཞུགས་ཡོད་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ལིན་ཁོ་ཚུང་གིས་བྱེད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་མ་བཀྲ་ཤིས། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏེང་ཞའོ་ཧུང་། གྲོང་ཨུད་ཀྱི་རྒྱུན་ཨུ་ཚུའེ་ནེང་ཧྥེ་དང་། ཞུས་ཕིང་། ཏོན་ཀང་ཧུའེ། ཚེ་རིང་འབྲིང་བ་བཅས་ཞུགས་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པའི་ཐོག“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་ལྡན་པའི་གུས་དམག་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་བརྗིད་ཉམས་ལྡན་པའི་སྒོ་ནས་རྒྱལ་དར་སྲུང་སྐྱོབ་བྱས་ཏེ་དར་སྒྲེང་སྟེགས་བུའི་ཕྱོགས་སུ་བསྐྱོད་པ་རེད། ས་གནས་ས་ཐོག་ཏུ་བརྗིད་ཉམས་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་ཚང་མས་མགྲིན་གཅིག་ཏུ་རྒྱལ་གླུ་བླངས་བཞིན་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།
ལིན་ཁོ་ཚུང་གིས་ལོ་ངོ་67གོང་གི་དེང་གི་དུས་འདིར། དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀྱི་འབྲུག་སྒྲ་གངས་ལྗོངས་ས་མཐོར་གྲགས་སྐབས་ཞིང་བྲན་ཁྲི་ཚོ་བརྒྱར་གཞི་ནས་རང་དབང་རང་བདག་བྱུང་ཡོད། རླབས་ཆེན་གྱི་འཕོ་འགྱུར་དེས་བོད་རྙིང་པའི་ཆེས་མུན་ནག་དང་ཆེས་གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མཇུག་འགྲིལ་བ་མ་ཟད། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་དེ་བས་བརྩམས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་རྣམ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ནས་ལྗོངས་ཡོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་ཀོང་ཏུང་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མུ་མཐུད་མཐོ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་པོ་ཡོང་བ་བཅས་བྱས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་ལ་སྐུལ་འདེད་མགྱོགས་སུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིདསྣང་དེ་བས་ཟབ་པ་བྱུང་ཡོད།
ལིན་ཁོ་ཚུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67སོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མེད་པ་བཅས་ར་སྤྲོད་བྱུས་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། “ལྟེ་བ་གཅིག་དང་ས་གནས་གཉིས”ཀྱི་འཕེལ་རྒྱས་ངེས་གནས་ལ་དམིགས་ནས“གྲོང་ཁྱེར་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཅིག་མཐུན་ཚོགས་པ་འཛུགས་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་རྒྱུར”ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཞུས་དབྱི་དང་། ཀྲའོ་ཅུན། ལིའུ་ཤིན་ཕིང་། བཀྲ་ཤིས། དངོས་གྲུབ་རྡོ་རྗེ། ཀྲོའུ་ཁྲོན་ཧྥུང་། ལུའོ་ཧེང་ཝུའེ། བདེ་ཆེན་། ལིའུ་ཁྲུན་ཞང་། ཚེ་རིང་དོན་གྲུབ། དབྱངས་འཛོམས། ནོར་བུ་ཚེ་རིང་། དབང་ཏུང། ཁྲང་ཧྲི་ཧུང་བཅས་བྱེད་སྒོར་བཞུགས་ཡོད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་དང་། ཉིང་ཁྲིར་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། མེ་ཟོན་བཀོད་འདོམས་པ། སློབ་མ། ལས་འཁྱུར་ངལ་གསོའི་ལས་བྱེད་པ་བཅས་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུད)ཁག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུས་པའི“རྒྱལ་དར་སྒྲེང་བ།དང་རྒྱལ་གླུ་ལེན་པའི”མཛད་སྒོ་དུས་གཅིག་ཏུ་འཚོགས་ནས་ཏང་དང་མེས་རྒྱལ་ལ་དྲིན་ཚོར་དང་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་ཡོད། (ཡིག་སྒྱུར། བདེ་སྐྱིད)
查看本期全部内容