logo
查看本期全部内容

སྐད་འཕྲིན་གྱི་བྱེད་ནུས་གསར་པ་འདི་ གོ་ཆོད་པོ་འདུག

林芝报-藏文版&nbsp&nbsp2026-03-17

ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས། སྤྱི་ཟླ་༣ཚེས་༡༢ཉིན་སྐད་འཕྲིན་ཚོགས་པ་ཞེས་པའི་ཐོག་སྤེལ་བའི་ཆ་འཕྲིན་ལྟར་ན། ད་ནས་བཟུང་སྐད་འཕྲིན་སྐད་ཆའི་ཁ་པར་དང་གཟུགས་མཐོང་ཁ་པར་གང་རུང་ཞིག་འབྱོར་སྐབས་གལ་ཏེ་སྟབས་བདེ་པོ་མེད་ཚེ་འདི་ལྟར་བྱས་ན་ཆོག་གི་འདུག

༡.ཧོབ་ཐོན་སྐར་ཁུང་།སྐད་འཕྲིན་ལ་གློ་བུར་དུ་ཁ་པར་འབྱོར་སྐབས་གནས་སྐབས་ཉན་མི་འདོད་པའམ་ཉན་བདེ་པོ་མེད་ཚེ་(忽略)སྣང་མེད་ཅེས་པའི་རྒྱ་ཡིག་གནན་ཚེ་སྐད་འཕྲིན་གྱི་ཧོབ་ཐོན་སྐར་ཁུང་མེད་པར་ཆཊ་པ་དང་ཁ་པར་རྒྱག་མཁན་ལའང་ཁ་པར་ཁ་བཀག་པ་གསལ་གྱི་མེད།

༢. སྐད་ཆ་ཡི་གེར་བསྒྱུར་ཆོག་པ།སྐད་འཕྲིན་ནང་སྐད་ཆ་བཤད་ཚར་རྗེས་གཡོན་གཤམ་གྱི་ཡིག་སྒྱུར་ཞེས་པའི་མཐེབ་གནོན་གནན་ན་ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་དག་སྐད་རིགས་གཞན་ལ་ཡིག་སྒྱུར་བྱེད་ཐུབ་པས། ཁྱེད་ཀྱིས་བཤད་པའི་སྐད་ཆ་དེ་སྐད་རིགས་གང་རུང་ཞིག་ལ་བསྒྱུར་ནས་བསྐུར་ཆོགསྐད་འཕྲིན་ཡིག་སྒྱུར་བྱེད་ནུས་དེས་སྐད་རིགས་མི་འདྲ་བ་ཁག་༡༨ལ་སྒྱུར་ཐུབ་ཀྱི་ཡོད་ཅིང་ད་དུང་སྐད་རིགས་ཇེ་མང་དུ་གཏོང་བཞིན་ཡོད།

༣.སྐད་འཕྲིན་གཟུགས་མཐོང་ཁ་པར་གྱི་བརྙན་ཡོལ་སྒོ་རྒྱག་པ།སྐད་འཕྲིན་གཟུགས་མཐོང་ཁ་པར་བརྒྱབ་ནས་སྐད་ཆར་དབྱིངས་ཚུད་པའི་དུས་སུ་སྣང་བ་མེད་པའི་སྒོ་ནས་ལག་པ་གནན་སྟངས་ནོར་ཐེངས་གཅིག་གིས་ཁ་པར་ལམ་སང་ཁ་བཀག་གི་ཡོད། ད་ལྟ་སྐད་འཕྲིན་གཟུགས་མཐོང་ཁ་པར་རྒྱག་སྐབས་གཡས་ངོས་ཀྱི་དབྱིབས་ཀྱི་མཚོན་རྟགས་དེ་གནན་ན་ཁ་པར་བརྙན་ཡོལ་གནས་སྐབས་སྒོ་ལྕག་ཐེབས་ནས་ལག་པ་གནན་སྟངས་ནོར་བ་སེམས་ཁྲལ་བྱེད་མི་དགོས།

查看本期全部内容