གཏེར་ཚང་(DeepZang)བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་ཚོང་རར་བཏོན་པ།

林芝报-藏文版  2026-03-17

ཡོང་ཁུངས། མི་དམངས་དྲ་བ། ཟླ་3ཚེས་15ཉིན། འཛམ་གླིང་ཐོག་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་སྟེ། གཏེར་ཚང(DeepZang) དེ་ལྷ་སར་དངོས་སུ་གསར་སྤེལ་བྱས་པ་རེད། དེ་ལས་ཀྲུང་གོའི་མི་རིཊ་སྐད་རིགས་ཀྱི་མི་བཟོས་རིག་ནུས་(AI)ཁྱབ་ཁོངས་སུ“རྗེས་འདེད”ནས་“སྣེ་ཁྲིད”བར་གྱི་འཐབ་ཇུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་མཚོན་ཞིང་། བོད་ལྗོངས་ཀྱི་བོད་སྐད་མི་བཟོས་རིག་ནུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དངོས་སུ་གསར་སྤེལ་བྱ་འགོ་ཚུཊ་ཏེ། བོད་སྐད་ཀྱི་AIདུས་རབས་དེ་འདི་ནས་འགོ་བརྩམས་པ་རེད།

གཏེར་ཚང་ནི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་རང་བརྟེན་གྱིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་བཟོ་གྲུབ་ཅན་གྱི་མིས་བཟོས་རིག་ནུས་ཀྱི་རྩིས་ཐབས་དང་དཔེ་དབྱིབས་ཀྱི་ཐོ་འགོད་ལེགས་པར་གྲུབ་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་ཡིན་པའི་ཆ་ནས། འཛམ་གླིང་གི་ཁྱབ་ཁོངས་འདིའི་ལག་རྩལ་གྱི་སྟོང་ཆ་ཁ་གསབ་བྱས་ཡོད། སྲོལ་གཏོད་མཁན་བསྟན་འཛིན་ནོར་བུས་མཚམས་སྦྱོར་བྱས་དོན། གཏེར་ཚང་གིས་བོད་རྒྱ་དབྱིན་བཅས་སྐད་རིགས་གསུམ་གྱི་རིག་ནུས་ཕན་ཚུན་འབྲེལ་བ་དང་། AIགླེང་མོལ། དུས་ཐོག་ཡིག་སྒྱུར། སྐད་བརྡ་ཕབ་འབྲི་སོཊ་ཀྱི་ནུས་པ་མཉམ་འདུས་བྱས་ཡོད། མིག་སྔར། དཔེ་དབྱིབས་འདིར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཚད་གཞིའི་བོད་སྐད་མཉམ་འགྲོས་སྐད་ཆའི་རྒྱུ་ཆ་ཁྲི་7000ཙམ་ལྡན་པ་དང་། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་སྐད་བརྡ་དང་སྐད་ཆའི་རྒྱུ་ཆ་ཁྱོན་བསྡོམས་ཆུ་ཚོད་30500 ལྷག་ཙམ་གསོག་འཇོག་བྱས་ཡོད།

གསར་སྤེལ་ཚོགས་འདུའི་ཐོག འཛམ་གླིང་ཟིན་ཐོ་ངོས་འཛིན་ལས་ཁུངས་ཀྱིས་དེར“འཛམ་གླིང་གི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ”ཡིན་པའི་ངོས་འཛིན་ལག་ཁྱེར་སྤྲད་དེ། དེའི་འཛམ་གླིང་གི་ཐོག་མའི་གསར་གཏོད་ཀྱི་གནས་བབ་ངོས་འཛིན་བྱས་པ་དང་། འཛམ་གླིང་གི་སྐད་རིགས་སྣ་མང་མི་བཟོས་རིག་ནུས་ཀྱི་བཅོས་སྐྱོང་ཁྲོད་ཀྲུང་གོའི་སྐད་ཆའི་དབང་ཆ་མཐོ་རུ་གཏོང་བར་རོགས་འདེགས་བྱས་ཡོད།གསར་སྤེལ་ཚོགས་འདུའི་ཐོག་དུས་མཉམ་དུ་ཐོན་ལས་མཉམ་ལས་མང་པོ་ཞིག་ལ་མིང་རྟགས་བཀོད་ཡོད། ཀྲུང་གོ་སྒུལ་འཕྲིན་བོད་ལྗོངས་ཡན་ལག་ཀུང་སི་དང་། ཀྲུང་གོ་མི་དམངས་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་མཆོག་ནོར་གྲངས་འཛིན་དང་མཉམ་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། བོད་སྐད་AI དེ་སྲིད་འཛིན་དང་། སློབ་གསོ། རིག་གནས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།གཏེར་ཚང་གསར་སྤེལ་བྱས་པ་འདིས་བོད་ལྗོངས་ཀྱི་བོད་སྐད་རིག་ནུས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པ་ཞིག་མཚོན་པ་མ་ཟད། ཀྲུང་གོའི་མི་རིགས་སྐད་རིགས་ཀྱི་མི་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་དོན་སྙིང་ལྡན་པའི་ཚད་རྟགས་ཤིག་ཀྱང་རེད། བསྟན་འཛིན་ནོར་བུས་གསུངས་དོན། གཏེར་ཚང་དངོས་སུ་རྒྱལ་ཁབ་ཀྱི་རྩིས་ཐབས་དང་དཔེ་དབྱིབས་ཀྱི་ཐོ་འགོད་བརྒྱུད་ཟིན་པས། རྒྱལ་ནང་དུ“ཐོ་འགོད་ཟུང་ལྡན”གྱི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་ཆགས་ཡོད། གཏེར་ཚང་བྱུང་བ་ལས། མི་རིགས་ཀྱི་སྐད་རིགས་ཉིད་མི་བཟོས་རིག་ནུས་ཀྱི་དུས་རབས་ཁྲོད་རང་ཉིད་ལ་དབང་བའི་སྐད་སྒྲ་ཞིག་ཡོད་པ་མཚོན་ཡོད།