logo
查看本期全部内容
ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་3པའི་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།
林芝报-藏文版&nbsp&nbsp2026-03-17
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་གཏིང་ཟབ་ཏུ་གཏོང་ཆེད། ཟླ་3ཚེས་13ཉིན། གྲོང་ཨུད་སྲིད་ཁྲིམས་ཨུད་ཀྱིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས“ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཁྲོད་ལག་གདང་སྦྲེལ་ནས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ཟླ་3པའི་དུས་བདེ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ། སྲིད་ཁྲིམས་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་ཚུའེ་ནེང་ཧྥེ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཅུན། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཅུད་ཀྲང་ཚེ་རིང་དོན་གྲུབ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་ཚེ་རིང་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་འཕྲེད་འགེལ་སྦྱར་ཚིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་རིགས་མཐུན་སྒྲིལ་དང་། གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ། དེ་བཞིན་བཅའ་ཁྲིམས་ཀྱི་རྒྱུན་ཤེས་སོགས་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ནས་མང་ཚོགས་ལ་ཁྲིམས་ལྟར་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད། གཅིག་སྡུད་དྲིལ་བསྒྲགས་བྱེད་རིང་། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ཚན་པ་194ཡི་མི་582བྱེད་སྒོའི་ནང་ཞུགས་ཡོད་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་3.7ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་ཁྲི་1.5སྤྲད་ནས་ཁྲིམས་ལྟར་ལས་དོན་སྒྲུབ་པ། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
查看本期全部内容