logo
查看本期全部内容

དཀར་ལ་གྲོང་ཚོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།

林芝报-藏文版&nbsp&nbsp2026-03-17

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུད་དཀར་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་དཔྱིད་ཀྱི་དཔལ་ཡོན་བཞད་ཡོད། ཟླ་3ཚེས་8ཉིན་ནས་བཟུང་མཛེས་ལྗོངས་ཁུལ་གྱི་སྒོ་མོ་ཕྱེ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་བྱེད་འགོ་ཚུགས་ཡོད།

ལོ་ལྟར་ཟླ་གསུམ་པར་དཀར་ལ་གྲོང་ཚོར་ལྟ་ན་སྡུག་པའི་དུས་ཚིགས་ཤིག་འཆར་ཞིང་།རི་ཀླུང་གང་སར་བཞད་པའི་ཁམ་བུའི་མེ་ཏོག་དང་རྒྱང་རིང་གི་གངས་རི་གཉིས་ཀྱིས་ས་མཐོའི་དཔྱིད་ཀྱི་དཔལ་ཡོན་བཞད་པའི་མཛེས་ལྗོངས་ཤིག་ཆགས་པ་བྱས་ཡོད་པས་དཀར་ལ་གྲོང་ཚོར“བོད་ཀྱི་ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་མེ་ཏོག་ཁྲོད་དུ་འཆམ་འཆམ་བྱས་ནས་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱི་ཡོད།

དཀར་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་གསར་འགོད་པར་ཉེ་ཆར་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པས་ད་ལོའི་མེ་ཏོག་བཞད་ཁ་ཕྱེ་བའི་དུས་ཚོད་སྔ་རུ་ཕྱིན་ཡོད་ཅེས་བརྗོད། ཁོང་གིས་མིག་སྔར། མཛེས་ལྗོངས་ཁུལ་གྱིས་ཀྱང་གོ་རིམ་ལྡན་པའི་སྒོ་ནས་ཡུལ་སྐོར་བར་སྣེ་ལེན་བྱེད་འགོ་ཚུགས་ཡོད། ང་ཚོ་དཀར་ལའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དེ་ཟླ་3པའི་ཚེས་8ཉིན་སྒོ་ཕྱེ་ཡོད། སྔོན་གྱི་གྲ་སྒྲིག་ནི་དཔེར་ན། ཆུ་གཏོར་ནས་ཤིང་སྡོང་གི་ཡལ་ག་གཙང་སེལ་བྱེད་པ་དང་། ལུད་རྒྱག་པ་སོགས་བྱས་ཡོད། ང་ཚོའི་གྲོང་ཚོ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་དེའི་ནང་ཞུགས་ཡོད་པས་ད་ཆ་ཡུལ་སྐོར་བ་མང་པོ་མེད་ཀྱང་མེ་ཏོག་ཧ་ཅང་མཛེས་པོ་ཡོད། ཁམ་བུའི་མེ་ཏོག་ཕུད། ད་དུང་ཁམ་བུ་སེར་པོ་དང་དེ་བཞིན་ཤིང་རིགས་སྣ་ཚོགས་ཀྱི་མེ་ཏོག་རིམ་བཞིན་བཞད་རྒྱུ་རེད་ཅེས་བརྗོད།

ད་ལོ།དཀར་ལའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཐད་གྲ་སྒྲིག་གང་ལེགས་བྱས་པ་དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་ཚང་མས་མཛེས་ལྗོངས་ཁུལ་དུ་སྐྱིད་སྣང་དོད་པའི་ཡུལ་སྐོར་ཁྲོད“ཉིང་ཁྲིའི”ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་ཐུབ་པ་བྱ་རྒྱུ་དེ་རེད།མིག་སྔར།ཀ་ལའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་དུ་ཁམ་བུའི་མེ་ཏོག་རིམ་བཞིན་བཞད་ཀྱི་ཡོད་པས་སྔོན་དཔག་བྱས་ན་ཟླ་3པའི་ཟླ་སྨད་ནས་ཟླ་4པའི་ཟླ་སྟོད་བར་མེ་ཏོག་མཚར་ཤོས་ཀྱི་དུས་ལ་སླེབས་རྒྱུ་ཡིན་པས་དཔྱིད་ཀ་འདིར་ང་ཚོ་ཉིང་ཁྲིར་འཛོམས་ནས་གངས་རི་དང་ཁམ་བུའི་མེ་ཏོག་གི་མཛེས་སྡུག་མྱོང་རོལ་གནང་བར་ཕེབས་འགྲོ།

查看本期全部内容