logo
查看本期全部内容
<div style='font-size: 22px!important;line-height: 34px!important;text-align: justify!important;color: #000!important'>ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ།</div><div style='font-size: 14px!important;line-height: 22px!important;text-align: left!important;color: #777!important;margin-top: 20px;'>林芝报-藏文版&nbsp&nbsp2026-03-17</div><div><img id='paperImg' style='max-width: 100%;height: auto' src='//img.founderfx.cn/epaper/202603/17/19f52ac19bd74a9491f97c72b42260f2/1.jpg' alt='' class='page-img'/></div><p>འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གསར་འཛུགས་བྱས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་མཐོར་འདེགས་གཏོང་ཆེད། གཅིག་ནས་སྣོད་བཅུད་ཉམས་གསོ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། མ་དངུལ་སྒོར་དུང་ཕྱུར་1.61བཏང་ནས་ཡར་ཉང་གཙང་པོའི་ངོགས་ཀྱི་རི་ཁུལ་དུ་སྣོད་བཅུད་ཉམས་གསོ་དང་ཡུལ་ལྗོངས་མཛེས་སུ་གཏོང་བ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ལེ་ལག་འཛུགས་སྐྲུན་བྱེད་པ་དང་། ཁམ་བུ་དང་། ལོ་མ་སྨུག་པོའི་ལི་ཙི། དེ་བཞིན་ཉིང་ཁྲིའི་གསོམ་ཤིང་སོགས་སྡོང་ཕྲུག་ཁྲི་57ལྷག་ཙམ་འདེབས་འཛུགས་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་མུའུ་7406.58ལེགས་གྲུབ་བྱས་ནས་འཆར་གཞིའི་ལས་འགན་123.44%ལེགས་གྲུབ་བྱས་པ་རེད། མ་དངུལ་སྒོར་ཁྲི་3266བཏང་ནས་རྩྭ་ཐང་ཉམས་གསོ་རྣམ་གྲངས་4ལག་བསྟར་བྱས་ཤིང་རྩྭ་ཐང་ཉམས་གསོ་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་13ཡོད་པ་དང་མིག་སྔར་རྣམ་གྲངས་3ལེགས་གྲུབ་ཟིན་པ་དང་རྩྭ་ཐང་བྱེ་འགྱུར་དང་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་ནུས་ལྡན་བྱས་པ་རེད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གྲོང་ཁྱེར་བསྐྲུན་པའི་ལོ་ལྔའི་བྱ་སྤྱོད་ལག་བསྟར་ཇུས་གཞི་བཏོན་པ་དང་མཛེས་ལྗོངས་ཤིང་རིགས་ཁྲི་23འདེབས་འཛུགས་བྱས་ཟིན་པ་དེའི་ནང་ཁམ་ཤིང་ཁྲི་15འདེབས་འཛུགས་བྱས་ཡོད་པ་རེད། གཉིས་ནས་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།ནགས་ཚལ་དང་། འདམ་ར། སྤང་ལྗོངས་བཅས་ལས་གྲུབ་པའི་སྐྱེ་ཁམས་རྒྱུན་མཐུད་ངང་མང་དུ་བཏང་བ་དང་། རིམ་རྩིས་བྱས་ན་མིས་བཟོས་ནགས་བཟོ་སྤྱི་ཆིང་4743.93གསར་དུ་བསྣན་པ་དང་། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་སྤྱི་ཆིང་ཁྲི་44.68དང་ནགས་ཚལ་བདག་སྐྱོང་སྤྱི་ཆིང་ཁྲི་2.01ལག་བསྟར་བྱས་པས། གྲོང་ཁྱེར་ཡོངས་ཀྱི་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44ལ་སླེབས་པ་དང་ནགས་ཚལ་ཁེབས་ཚད་47.66%ཟིན་པ། གྲོང་ཁུལ་གྱི་སྔོ་འགྱུར་ཁེབས་ཚད་41.63%དང་། འགྲོ་ལམ་ལྗང་མདོག་འགྱུར་ཚད་དང་ཆུ་ངོགས་ལྗང་མདོག་འགྱུར་ཚད་ཚང་མ་80%ཡན་ཡིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྤང་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་22.31ཡོད་པ་རེད། གསུམ་ནས་ནགས་ཚལ་ཐོན་ཁུངས་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། མི་འགོག་དང་ལག་རྩལ་འགོག་པ། དངོས་རྫས་འགོག་པའི་དོ་དམ་སྲུང་སྐྱོབ་མ་ལག་བཙུགས་པ་དང་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་བྱེད་པའི་APPབསྐྲུན་ནས་གྲངས་གཞི་ཅན་གྱི་དོ་དམ་བྱེད་པ། སྣོད་བཅུད་ནགས་སྲུང་པ་ཁྲི་12ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་རྩིས་ནགས་ཚལ་སྐོར་ཞིབ་མི་ཐེངས་ཁྲི་2.06བྱས་ཏེ་ཉིན་རེར་མི་རེའི་ཆ་སྙོམས་སྐོར་ཞིབ་ཆུ་ཚོད་4ཡན་བྱས་པ། གང་བྱུང་དུ་ཤིང་གཅོད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་ནགས་ལས་ཀྱི་སྤྱི་གནོད་མེད་པའི་འགོག་བཅོས་བྱེད་ཚད་96.11%ཟིན་པ། གྲོང་ཁྱེར་གྱི་སྔོ་ལྗང་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལམ་འགྲམ་གྱི་ཤིང་སྡོང་ཁྲི་4.1ལ་ཡལ་བཞུར་རྒྱག་པ་དང་སྡོང་ཕྲུག་སྨི་ངོས་གྲུ་ཁྲི་51.4དང་སྤང་ལྗོངས་སྨི་ངོས་གྲུ་ཁྲི་261བཅས་ལ་ཆུ་བརྒྱབ་པ་མ་ཟད་གསོམ་ཤིང་དང་།ཤིང་ཝུའུ་ཐུང་སོགས་སྡོང་པོ་1000ལྷག་ཙམ་བཙུགས་ཡོད་པ་རེད།</p>
查看本期全部内容