logo
查看本期全部内容

དཔའ་དར་གྱིས་སྨན་གླིང་གྲོང་ཁྱེར་དུ་ལས་དོན་བརྟག་ཞིབ་གནང་བར་ཕེབས་པ།

林芝报-藏文版&nbsp&nbsp2026-02-20

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས་སྨན་གླིང་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་དང་ཁོང་གིས་འདི་ལོ་ནི་ལོ་ལྔ་ཚན་བཅོ་ལྔ་པ་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན།མིག་སྔར།རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་ཚུགས་པ་དང་བསྟུན་ནས་སྨན་གླིང་གྲོང་ཁྱེར་དེ་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ནས་བྲག་ཡིབ་དང་སྨན་གླིང་མཐུན་སྦྱོར་འཕེལ་རྒྱས་བཏང་སྟེ་གྲོང་ཁྱེར་ས་ཁོངས་འཕེལ་རྒྱས་ཀྱི་ལྟེ་བའི་དམིགས་ཚད་ཀྱི་ངེས་གནས་བཏོད་དགོས་པ་དང་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་ཞུ་དང་འགན་སྲུང་ནུས་ལྡན་བྱས་པ།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གཏིང་ཟབ་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ།དམངས་འཚོའི་བདེ་སྐྱིད་ཆེ་རུ་ཤུགས་ཆེན་གཏོང་བ།སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ།མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་ནས་མཐུན་སྒྲིལ་དང་བརྟན་ལྷིང་།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་ཏེ་ལོ་ལྔ་ཚན་བཅོ་ལྔ་པ་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་ཡོད།

ཕད་གྲོང་རྡལ་ཐུན་པ་གྲོང་ཚོར་དཔའ་དར་གྱིས།གྲོང་རྡལ་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་དཔལ་འབྱོར་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་མཐུན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཆེ་སར་དམིགས་པ་དང་སྤྱི་ཡོངས་ལ་སྐུལ་འདེད།རྣམ་གྲངས་ཀྱི་དགོས་མཁོར་དམིགས་པ།འཕེལ་རྒྱས་ཀྱི་རེ་སྒུག་དང་འཚམ་པ།འཆར་འགོད་ཀྱི་སྣེ་ཁྲིད་འབུར་ཐོན་ཐུབ་པ་བཅས་བྱེད་དགོས་པ།གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སྤྱི་ཡོངས་ནས་འཆར་འགོད་བྱས་པ་དང་བཟོ་ལས་དང་ཞིང་ལས།།གྲོང་ཁྱེར་དང་གྲོང་གསེབ་སྤྱི་ཡོངས་གཅིག་གྱུར་གྱིས་འཆར་འགོད་བྱེད་ཏེ་ཤང་དང་གྲོང་རྡལ་ཁག་འཆར་འགོད་བཀོད་སྒྲིག་དང་ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ།སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཐད་ནས་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ།རྣམ་གྲངས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།ཕད་གྲོང་རྡལ་གྱི་ཏང་སྲིད་ལས་ཁུངས་སུ་དཔའ་དར་གྱིས་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་།ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ།ཏང་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ནས་རྨང་བརྟན་དམངས་ཕན་གྱི་གཞི་རིམ་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ།དྲུང་ཆེ་ཏོན་ཀང་ཧུའེ་བརྟག་ཞིབ་ནང་ཕེབས་རོགས་ཞུས་ཡོད་པ་རེད།

(ཡིག་སྒྱུར། སྐལ་བཟང་གཡུ་སྒྲོན།)

查看本期全部内容