logo
查看本期全部内容

ཁ་བ་ཟིམ་ཟིམ་བབས་སོང་།

སྙན་རྐང་གླིང་།

林芝报-藏文版&nbsp&nbsp2026-02-20

དུས་བཞིའི་རེས་སུ་འཁོར་ནས།།

ནམ་ཟླ་གྲང་བས་མནར་བྱུང་།།

ཕ་ཡུལ་གངས་ལྗོངས་ཡུལ་ལ།།

ཁ་བ་ལྷབ་ལྷུབ་བབས་སོང་།།

བསིལ་ལྡན་དག་པའི་ཞིང་དུ།།

ཕུན་ཚོགས་དགེ་ལེགས་རྒྱས་ནས།།

གཡང་ནོར་སྙིང་གཅེས་ནོར་བུ།།

གནམ་མཁའི་ཀློང་ནས་ལྷུང་སོང་།།

ཡུལ་ལུས་བརྟས་པའི་གཞི་མ།།

ས་གཞི་སྣུམ་པའི་བཅུད་བཟང་།།

ཁ་བ་དཀར་གཙང་རིལ་བུ།།

མ་བོས་རང་བཞིན་བབས་བྱུང་།།

གངས་རི་མཐོ་མཐོ་རྩེ་ནས།།

ཁ་བའི་ལྭ་བ་བཀླུབས་སོང་།།

མཛེས་པའི་གངས་དཀར་གཟི་འོད།།

ཁྲ་ཆུང་མིག་ལ་འཚེར་བྱུང་།།

སྤྲོ་སྐྱིད་དཔལ་གྱི་ལང་ཚོ།།

ཁ་བའི་ལྗོངས་སུ་འཐོར་སོང་།།

ཡིད་འོང་གངས་རིའི་ཞིང་དུ།།

འདོད་དགུ་མེ་ཏོག་བཞད་ཡོད།།

མཐོ་སྒང་གངས་རིའི་ཞིང་ལ།།

ཁ་བ་ཟིམ་ཟིམ་བབས་སོང་།།

འཇམ་པའི་ཁ་བའི་འདབ་མ།།

རང་ལུས་དཀར་བ་བྱས་སོང་།།

ནམ་ཟླ་དགུན་ཁ་ཟེར་ན།།

ཁ་བའི་ནམ་ཟླ་ཡིན་འདུག།

ཚོར་བས་ལུས་སེམས་མྱོས་ལ།།

སྣང་བའི་རི་མོ་དོད་འདུག།

查看本期全部内容