logo
查看本期全部内容

དྲིན་ཅན་ཨ་མ་བྱམས་བརྩེའི་བདག་མོ་ཡིན།

རྡོ་རྗེ་ཐར་ལམ།

林芝报-藏文版&nbsp&nbsp2026-02-20

ཤ་ཡི་དྭངས་མ་ལུས་སྦྱིན་ལྟེ་བར་བཅད།།

སྐོམ་གྱི་དྭངས་མ་བྲང་གི་འོ་མ་སྡུད།།

བྱམས་བརྩེ་འགྲན་མེད་ས་སྟེང་སངས་རྒྱས་བཞིན།།

དྲིན་ཅན་ཨ་མའི་དྲིན་ལན་གཞལ་དུ་མེད།།

གནས་ཀྱི་དང་པོ་ཟླ་དགུ་ཁོག་ནས་གསོས།།

ཚིག་གི་དང་པོ་ཨ་མའི་གཅེས་ཕྲུག་འབོད།།

བརྩེ་ལྡན་རྗེ་བཙུན་སྒྲོལ་མ་ཨ་མ་ཡིན།།

དྲིན་ཅན་ཨ་མའི་དྲིན་ལན་གཞལ་དུ་མེད།།

གོམ་པ་དང་པོ་ཨ་མའི་པང་ནས་སྤོས།།

ཟས་ཀྱི་དང་པོ་ཨ་མས་ཕྱག་གིས་སྟེར།།

བརྩེ་བའི་ནམ་མཁའ་ཡང་བའི་དྲིན་མོ་ཆེ།།

དྲིན་ཅན་ཨ་མའི་དྲིན་ལན་གཞལ་དུ་མེད།།

བཅུ་དྲུག་ལང་ཚོ་བུ་ཡི་དོན་དུ་རྒས།།

ཡ་ཐོད་གཉེར་མ་བུ་ཡི་ཆེད་དུ་བབས།།

སེམས་ཀྱི་དྲོད་འཁོལ་ཉི་མའི་མདངས་ལྡན་པའི།།

དྲིན་ཅན་ཨ་མ་སེམས་ཀྱི་ལྷ་མོ་ཡིན།།

ལུས་ཀྱི་ཟུངས་ཁྲག་བུ་ཡི་ཆེད་དུ་འཛད།།

འཁོར་བའི་སྡུག་བསྔལ་བུ་ཡི་ཆེད་དུ་མྱང་།།

ཚ་སེལ་ཟླ་བ་འདྲ་བའི་ཡུམ་ཆེན་མ།།

དྲིན་ཅན་ཨ་མ་སྙིང་གི་ནོར་བུ་ཡིན།།

སྐུ་ལུས་གཞུ་ལྟར་གུག་པ་བུ་ཡི་དོན།།

དབུ་སྐྲ་དུང་ལྟར་དཀར་བ་བུ་ཡི་ཆེད།།

ལྷག་བསམ་དུང་ལྟར་དཀར་ཞིང་གཙང་བའི་མ།།

དྲིན་ཅན་ཨ་མའི་བཀའ་དྲིན་གཞལ་དུ་མེད།།

གར་སོང་ལམ་ལ་ཨ་མའི་ཐུགས་ཁྲལ་གནང་།།

གང་བྱས་ལས་ལ་ཨ་མའི་ཐུགས་སྨོན་འཕུལ།།

གང་ལྟར་བྱམས་བརྩེའི་ཐུགས་རྗེ་མྱུར་བྱོན་མ།།

གང་ནས་བསམ་ཡང་ཨ་མ་བཀའ་དྲིན་ཅན།།

查看本期全部内容