logo
查看本期全部内容

ཕ་ཡུལ་སྐྱིད་པའི་ལུང་བ།

དགུ་བ། མགོ་ལོག

林芝报-藏文版&nbsp&nbsp2026-02-20

མཐོན་པོ་སྒང་འདི་དམའ་མོ་སྤང་གཞུང་ཡིན།།

གཙང་ཆབ་སྔོན་མོ་ཚངས་སྲས་བཞད་སྒྲ་ཡིན།།

ཕྲ་ཚོམ་མེ་ཏོག་བཞད་སའི་སྐྱེད་ཚད་ཡིན།།

ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན།།

འཇའ་ཚོན་སྣ་ལྔ་ལྟ་བུའི་གདན་སྟེང་དུ།།

ཉི་ཟླ་ལྟ་བུའི་ཕ་མ་སྤུན་མཆེད་འཛོམས།།

དྲན་པའི་ནང་ལ་འཁོར་བའི་ཉེ་མི་ཡིན།།

དུང་སེམས་འགྱུར་མེད་གཡུ་ཡི་ཁྲ་རྒྱན་ཡིན།།

རྟ་ནོར་ལུག་གསུམ་གཡུ་ལྗང་ལུང་བར་བཀྲམ།།

སྦྲ་ནག་གྲུ་བཞིའི་སྒོ་དར་ལྷོ་རུ་བརྒྱངས།།

ནོར་གནག་སྟོང་ཕྲག་ལུས་ཀྱི་རྩིད་པ་ཡིན།།

སྐྱིད་པའི་ཕ་ས་གཡང་གི་རུ་མ་ཡིན།།

རིག་གཞུང་གསེར་གྱི་གླེགས་བམ་འོད་ཀྱིས་མཚེར།།

སྟག་ཤར་གཞོན་ནུ་ཁ་ཞག་གྱི་ལེར་འདུ།།

སྨན་ཤར་བུ་མོ་འཛུམ་ཆུང་གྱི་ལེར་སླེབས།།

རྨ་ཁུག་ལུང་བ་སྐྱིད་པའི་གཡང་ལ་ཆགས།།

查看本期全部内容