logo
查看本期全部内容

དགུན་ལ་གཏད་པའི་གླུ།

དགུ་བ། མགོ་ལོག

林芝报-藏文版&nbsp&nbsp2026-02-20

དགུན་ཟླ་འཁྱག་པོ་ནང་གི།

ཙག་རླུང་རྒྱ་སྟག་འདྲ་བོ། །

ཅུང་ཙམ་གཡུག་མཚམས་ཞོག་དང་། །

ང་དང་ཨ་ཇོ་དོན་གྲུབ། །

སྟོད་ཕྱོགས་དབུས་ལ་འགྲོ་དགོས། །

ནམ་ཟླ་དགུན་གྱི་ནང་གི །

དྭངས་གཙང་ཁ་བ་ལྷབ་ལྷུབ། །

ཅུང་ཙམ་འབབ་མཚམས་ཞོག་དང་། །

ང་ཡི་བྱིའུ་ཆུང་འཇོལ་མོ། །

སྐྱིད་པོའི་ཚང་ལ་ལོག་དགོས། །

དགུན་གྱི་གྲང་ངར་ཀློང་གི།

འཁྱག་པ་རྡོ་དང་འདྲ་བ། །

དལ་མོ་ལྷོད་ལ་བོབས་དང་། །

ང་ཡི་ཆུ་ཕྲན་དྭངས་མོ། །

ཤར་གྱི་རྒྱ་མཚོར་འདྲེས་དགོས། །

དགུན་གྱི་ས་སྲོད་དེ་རུ། །

རླུང་དམར་འུར་འུར་ལྡང་བ། །

ཅུང་ཙམ་གཡུག་མཚམས་ཞོག་དང་། །

ཕ་རིའི་སྤང་དཀར་ཐང་ནས། །

བདེ་མོའི་གར་ཞིག་འཁྲབ་དགོས། །

查看本期全部内容