logo
查看本期全部内容

དཔའ་དར་གྱིས་དུས་ཆེན་རིང་གི་ལས་རེས་མི་སྣར་འཚམས་འདྲི་གནང་བ།

林芝报-藏文版&nbsp&nbsp2026-02-20

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་15ཉིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་གྲོང་ཨུད་ཀྱི་ཧྲུའུ་ཅི་དཔའ་དར་གྱིས“ཚན་ཁག་ཆེན་པོ་བཞིའི”འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་འཐབ་ས་དང་པོར་ལས་གནས་བརྟན་སྲུང་གི་ལས་དོན་མི་སྣར་འཚམས་འདྲི་གནང་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་ལས་ཀའི་བླང་བྱ་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། ལས་གནས་ལ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་ཁྱིམ་ཚང་ཁྲི་སྟོང་མང་པོ་བདེ་སྐྱིད་ལྷིང་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

འཚམས་འདྲི་བྱེད་རིང་། དཔའ་དར་གྱིས་སྔ་རྗེས་སུ་གྲོང་ཨུད་གཞུང་དོན་ཁང་དང་། གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་། གྲོང་ཨུད་གསང་གནད་གསང་སྲུང་ཅུད་ཀྱི་ལས་རེས་ཁང་བཅས་སུ་ཕེབས་པ་རེད། ཁོང་གིས་གྲོང་ཁྱེར་སྤྱི་བདེ་ཅུད་གསང་འཕྲིན་བཀོད་འདོམས་ལྟེ་གནས་དང་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ཏེ་ལས་རེས་མི་སྣར་ཕྱག་བཏང་གནང་བ་དང་འབྲེལ་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་བཀོད་གཏོང་ལས་སྟེགས་བརྒྱུད་རྫོང(གྲོང་ཁྱེར་དང་ཆུད)ཁག་གི་སྤྱི་ཁྱབ་ལས་རེས་ལྟེ་གནས་དང་སྦྲེལ་མཐུད་གནང་ནས་ཚང་མས་ལས་གནས་བརྟན་སྲུང་དང་མུ་མཐུད་འབད་འཐབ་བྱེད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་སྲུང་སྐྱོང་གི་བཀོད་འདོམས་བཀོད་གཏོང་མ་ལག་དང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ལས་སྟེགས་ཡག་པོ་སྤྱོད་པ། རྫོང་དང་ཆུད་ཁྱབ་ཁོངས་ཀྱི་ལས་རེས་སྣེ་ཁྲིད་དང་། བརྟན་ལྷིང་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དང་འཐབ་ས་དང་པོར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོཊ་བདེ་འཇཊ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་དུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་གྲོང་མི་རྣམས་དགའ་སྤྲོའི་དཔལ་ལ་རོལ་བཞིན་མཆིས། དཔའ་དར་གྱིས་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིར་འཚམས་འདྲི་གནང་བ་རེད། ཁོང་གིས་སྡེ་ཁུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་མདུན་ཤོས་དེ་ཡིན་པས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་དཔྱིད་གསར་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་འཚམས་འདྲིའི་ལས་དོན་ཏན་ཏིག་སྤེལ་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་དང་། རྟེན་མེད་ཁེར་ལུས་ཀྱི་རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱེད་པ། ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད།

རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་འདོན་ཀུང་སི་དང་། གློག་ཤུགས་མྱུར་བཟོ་རུ་ཁག འཕྲལ་སྡོམ་སྐབས་བསྟུན་རུ་ཁག་བཅས་ཀྱི་རུ་མི་ཚོའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། སྒྲིག་ཆས་ཆ་ཚང་སྒྲིག་པ། གློག་ཤུགས་ཚོད་འཛིན་བཀོད་གཏོང་ལྟེ་གནས་ཀྱི་ལས་སྟེགས་འཁོར་སྐྱོད་བརྟན་པ། བཀོད་གཏོང་གནད་སྨིན་ནུས་ཆེ་བཅས་ཡོད་པ་རེད། དཔའ་དར་གྱིས་་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་འོད་རབ་ཏུ་འཕྲོ་བ་དང་དུས་ཆེན་རིང་གློག་འོད་རྣམ་པར་བཀྲ་བས་བློས་འགེལ་ཆོག་པའི་གློག་ཤུགས་མཁོ་འདོན་འགན་ལེན་བྱ་རྒྱུ་ནི་དུས་ཆེན་གྱི་བཀྲ་ཤིས་འཆམ་མཐུན་གྱི་རྨང་གཞི་བརྟན་པོ་ཞིག་རེད། གློག་དྲའི་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སེམས་ཁྲལ་བྱེད་པ་དང་འགན་སེམས་བཅངས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་དང་། གློག་མཁོ་འདོན་འགན་ལེན། དམངས་འཚོ་འགན་ལེན། གཙོ་གནད་འགན་ལེན་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ་མང་ཚོགས་ཚོ་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་སྤྲོ་སྣང་ལྡན་པའི་ངང་ལོ་གསར་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།གྲོང་ཁྱེར་གྱི་འགོ་ཁྲིད་ཉི་མ་བཀྲ་ཤིས་དང་། ལི་ཧྲི་ཅང་། ཏོན་ཀང་ཧུའེ། ཀྲོའུ་ཁྲོན་ཧྥུང་། བདེ་ཆེན། ཆིན་སུང་མའོ།

ཚེ་རིང་དོན་གྲུབ། དབང་ཏུང་། ཀྲུའུ་ཀྲེང་ཧུའེ། ཞུང་དབྱི་ཏུང་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད། (ཡིག་སྒྱུར། སྐལ་བཟང་གཡུ་སྒྲོན།)

查看本期全部内容