“མཛེས་སྡུག་ལྡན་པའི་ཉིང་ཁྲི”མཉམ་དུ་བསྲུངས།
林芝报-藏文版  2026-02-20
བྱེད་སྒོར་
ཞུགས་མཁན་ཚོས་
ནགས་ཁྲོད་དུ་
གད་སྙིགས་
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“མི་ཡུལ་གྱི་དག་ཞིང་། མཛེས་སྡུག་ལྡན་པའི་ཉིང་ཁྲི”ཞེས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མིང་བྱང་མུ་མཐུད་མངོན་གསལ་དོད་དུ་བཏང་སྟེ། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འདུ་ཤེས་ཤེས་ཚོར་ནས་གྲོང་མི་ཡུལ་སྐོར་བའི་བྱ་སྤྱོད་ཀྱི་རང་འགུལ་དུ་འགྱུར་བར་རོགས་རམ་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་སྤྱི་པའི་རིག་གནས་བར་མཐོངས་རྩ་འཛུགས་གསར་པས“ཁོར་ཡུག་སྲུང་སྐྱོང་གིས་དགུན་དུས་དྲོ་བར་བྱེད་པ་དང་ལྗང་མདོག་མཉམ་སྐྱོད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དང་སྤྱི་ཕན་རྐང་ཐང་ཟུང་འབྲེལ་བྱས་ཏེ། དེའི་ནང་ཞུགས་མཁན་ཚོས་གད་སྙིགས་སྒྲུག་པའི་སྤྱི་ཕན་རྐང་ཐང་བརྒྱུད་རིམ་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་བསྟར་ཐུབ་པར་བྱས་པ་རེད།